[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • དྲ་རྒྱའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་རིན་གོང་གཅོག་པའི་ཐད་བྱ་ཐབས་གསར་པ་གང་ཡོད་དམ།

    —— སྒུལ་བདེ་དྲ་རྒྱའི་རྒྱུག་འབོར་གྱི་ཆ་སྙོམས་གྲོན་དངུལ་20%ཡན་སླར་ཡང་དམའ་རུ་བཏང་སྟེ་རྒྱལ་ཡོངས་སུ “ཨང་གྲངས་དང་མཉམ་དུ་དྲ་སྒྱུར”གྱི་བྱ་ཐབས་ལག་ལེན་བསྟར་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-18

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོ་ཁེ་ལས་འབྲིང་ཆུང་གི་དྲ་ཆེན་གྱི་ཆ་སྙོམས་གྲོན་དངུལ་15%སླར་ཡང་དམའ་རུ་གཏོང་བ་དང་། སྒུལ་བདེ་དྲ་རྒྱའི་བཞུར་ཚད་ཀྱི་ཆ་སྙོམས་གྲོན་དངུལ་20%ཡན་སླར་ཡང་དམའ་རུ་བཏང་སྟེ་རྒྱལ་ཡོངས་སུ་ཨང་གྲངས་དང་མཉམ་དུ་དྲ་སྒྱུར”གྱི་བྱ་ཐབས་ལག་ལེན་བསྟར་བ་དང་སྡེབ་སྒྲིག་གྲོན་དངུལ་གྱི་ཚད་གཞི་ཚད་ལྡན་དུ་བཏང་སྟེ་གྲོན་དངུལ་དངོས་འབྲེལ་གཅོག་པ་དང་འཛད་སྤྱོད་པས་གསལ་པོ་ཤེས་པ་བྱེད་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་ཧྲི་ཝུན་ཤན་གྱིས་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་དྲ་སྦྲེལ་གྱི་གྲོན་དངུལ་ཐད་དམངས་ཕན་སྲིད་ཇུས་རྒྱུན་ཆད་མེད་པར་བཏོན་ནས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་བཏང་ཡོད། ཡིན་ནའང་མིག་སྔར་ད་དུང་གནས་པའི“ཨང་གྲངས་དང་མཉམ་དུ་དྲ་སྒྱུར”གྱི་ཚད་གཞི་དང་གསལ་པོ་མེད་པའི་སྡེབ་སྒྲིག་གྲོན་དངུལ་ཁག་གཅིག་ལ་འཛད་སྤྱོད་པས་བསམ་འཆར་མང་པོ་བཏོན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གནད་དོན་ལ་ཐད་ཀར་ཕྱོགས་ནས་མི་སེར་གྱི་འཚོ་བའི་དཀའ་གནད་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་ཞེས་བཏོན་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།