[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཇི་ལྟར་བྱས་ཏེ་འཛད་སྤྱོད་འཕར་རྒྱུར་ཡར་སྐུལ་བྱེད་དགོས་སམ།

    —— ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། ལམ་གྲོན་དང་ཟམ་གྲོན་དམའ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-18

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐབས་མང་མཉམ་སྤྱོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་དོན་འཁྱོལ་ཡག་པོ་བྱེད་དགོས། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། ལམ་གྲོན་དང་ཟམ་གྲོན་དམའ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུའུ་ཉིང་མ་རྐང་ཚོད་འཛིན་ཚོགས་པའི་ཏུང་ཧྲི་ཀྲང་ཀྲང་ཅིན་ཏུང་གིས་ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བ་དང་ཀྲུང་གོའི་དཔལ་འབྱོར་ལ་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་གནས་ཚུལ་འཕྲད་པས་རྒྱལ་ནང་གི་ནུས་ལྡན་གྱི་དགོས་མཁོ་བརྟན་པོ་ཡོང་བ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་ཅེས་བརྗོད་པ་དང་། ཁོང་གིས་སྤྱི་ཚོགས་དང་ལྷག་པར་དུ་གྲོང་གསེབ་འཛད་སྤྱོད་ཀྱི་བར་མཐོངས་དང་མངོན་མེད་ནུས་པ་སྔར་བས་སྔོག་འདོན་བྱེད་དགོས། དེའི་འགག་རྩ་ནི་འཛད་སྤྱོད་ཀྱི་མ་གནས་དམའ་རུ་གཏོང་རྒྱུ་དེ་རེད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།