[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་འཕེལ་རྒྱས་དང་སྒྱུར་བཅོས་འཆར་འགོད་ཀྱི་རྩ་གནད་གསལ་འགྲེལ།

    རིག་གནས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་སྐྱོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-25

    གཞུང་ཁོངས་རིག་གནས་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་དྲིལ་བསྒྲགས་སྡེ་ཚན་གྱིས་གཙོ་ཁྲིད་ནུས་ལྡན་བྱེད་པའི་དོ་དམ་བྱེད་སྟངས་དང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་མི་སྣ་དོ་དམ་དང་། ལས་དོན་ལ་དོ་དམ། རྒྱུ་ནོར་ལ་དོ་དམ། ཕྱོགས་སྟོན་ལ་དོ་དམ་བཅས་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། གཞུང་ཁོངས་རིག་གནས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་རྨང་གཞིའི་ལམ་ལུགས་དང་དོ་དམ་བྱ་ཐབས་འཐུས་ཚང་དུ་གཏོང་དགོས།

    དམིགས་ཚད་མ་ལག་འཛུགས་སྐྱོང་ལ་ཕྱོགས་བསྡུས་དཔྱད་ཞིབ་དང་གདེང་འཇོག གསར་འགྱུར་དྲ་ཚུགས་དང་། དཔེ་སྐྲུན་འགྲེམས་སྤེལ། གློག་བརྙན་དང་བརྙན་འཕྲིན། འཁྲབ་རྩལ་སོགས་རིགས་མི་འདྲ་བའི་གཞུང་ཁོངས་རིག་གནས་ཁེ་ལས་ལ་དཔྱད་ཞིབ་དང་གདེང་འཇོག་བྱ་ཐབས་བཟོས་ནས་སྤྱི་ཚོགས་ཕན་འབྲས་ཀྱི་དམིགས་ཚད་དཔྱད་ཞིབ་དབང་ཆ་50%ཡན་བཟུང་བ་གསལ་པོ་བཏོན་པ།

    གསར་འགྱུར་དཔེ་སྐྲུན་དང་སྨྱན་སྦྱོར་ཁེ་ལས་ཀྱི་དམིགས་བསལ་དོ་དམ་མ་རྐང་ཚོད་ལྟ། དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུ་དང་། དྲ་རྒྱའི་དཔེ་སྐྲུན། ཆ་འཕྲིན་དྲ་རྒྱའི་བརྒྱུད་བསྒྲགས་ལེ་ཚན་ཞབས་ཞུ་སོགས་སྲིད་འཛིན་གྱི་ཆོག་མཆན་ཐོབ་དགོས་པའི་དྲ་སྦྲེལ་ཁེ་ལས་ཀྱི་ལས་ཀ་བྱེད་པ་དང་དེ་བཞིན་གཏན་འབེབས་ལྟར་སྒྲིག་གཞི་དང་ལམ་སྲོལ་སྒྱུར་དགོས་པའི་གཞུང་ཁོངས་སྨྱན་སྦྱོར་ཁེ་ལས་གལ་ཆེན་ལ་ཚོད་ལྟ་བྱས་ཏེ་དམིགས་བསལ་གྱི་དོ་དམ་དང་མ་རྐང་ལམ་ལུགས་དེ་གསར་འགྱུར་དཔེ་སྐྲུན་དང་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་ལམ་ལུགས་བཀོད་སྒྲིག་གལ་ཆེན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།