[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་འཕེལ་རྒྱས་དང་སྒྱུར་བཅོས་འཆར་འགོད་ཀྱི་རྩ་གནད་གསལ་འགྲེལ།

    མང་ཚོགས་རང་བཞིན་གྱི་བསམ་བློ་ཆབ་སྲིད་ལས་དོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-25

    གཞི་རིམ་གྱི་སྒྲོག་འགྲེལ། གཞི་རིམ་དུ་སློབ་ཁང་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་འཆད་སྟེགས་ཆེན་པོ་བཙུགས་ཐོག་མང་ཚོགས་ལ་ཕྱོགས་ནས་སྒྲོག་འགྲེལ་བྱས་ཏེ་དོགས་གནད་དང་འགལ་ཟླ་སེལ་དགོས།

    གོ་བདེ་བའི་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ་དཔེ་སྐྲུན། 《རིགས་པའི་གཞུང་ལུགས་ཀྱི་གླེང་མང་བའི་གནད་དོན་འགྲེལ་བཤད》སོགས་གོ་བདེ་བའི་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ་རྩོམ་འབྲི་དཔེ་སྐྲུན་བྱས་ནས་ཕུལ་བྱུང་གི་གོ་བདེ་བའི་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ་མཚམས་སྦྱོར་བྱེད་སྒོ་སྤེལ་དགོས།

    དྲོ་སྐྱིད་སྦྱིན་པ་དང་གཅེས་སེམས་ཕུལ་བའི་བྱེད་སྒོ བསམ་བློའི་གནད་དོན་དང་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་དབུལ་སྐྱོར་གེགས་སྐྱོབ་དང་། དགེ་ལས་རོགས་དངུལ་སྤྲོད་པ། སློབ་གསོར་རོགས་སྐྱོར། འོས་འགན་ཁྲག་སྦྱིན་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས།

    དྲ་རྒྱའི་སྤྱི་ཕན་བྱེད་སྒོ དྲ་དམངས་དབར་ཕན་ཚུན་རོགས་རེས་བྱ་རྒྱུར་སྐུལ་མ་བཏང་བ་དང་དྲ་ཐོག་ཞལ་འདེབས་རྒྱག་རྒྱུ་ཚད་ལྡན་དུ་བཏང་ནས་ཆ་རྐྱེན་ཡོད་པའི་ས་ཁུལ་དང་དྲ་ཚིགས་དབར་སྤྱི་ཕན་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུ། སྤྱི་ཚོགས་ཀྱི་སེམས་ཁམས་ལྟ་ཞིབ་ཚད་ལེན་དང་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སེམས་ཁམས་ཉེན་ཁ་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་ཐེ་གཏོགས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་མི་ཚོགས་ཀྱི་སེམས་ཁམས་སློབ་གསོ་ཡག་པོ་རྒྱག་པ་དང་། སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་རྩིས་གྲངས་གཞིའི་མཛོད་སྐྲུན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།