[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
  • ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་ཁོངས་མིའི་ལོ་རྒྱུས་མདོར་བསྡུས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-10-25

    9be423c2-cb2a-4828-9fda-77ba758535dc.jpg.jpg

    བློ་མཐུན་མ་ཤིང་རུའེ།

    2112dc7b-28f8-4f0f-9f9d-53785038bca8.jpg.jpg

    བློ་མཐུན་ཝང་དབྱི།

    05b552a8-a109-45fa-a5ba-a08b2460c773.jpg.jpg

    བློ་མཐུན་དབྱིན་ལི།

    061eb44b-f891-46e9-974c-60ba85c381cc.jpg.jpg

    བློ་མཐུན་ཧྲེ་ཐའེ་ཧྥུང་།

    fd5767fa-0601-41a4-98e7-23e327c5b907.jpg.jpg

    བློ་མཐུན་ལིའུ་གོ་ཀྲུང་།

    e11f8973-3355-40e2-9f5c-74c36bbc5b99.jpg.jpg

    བློ་མཐུན་ལི་ཀན་ཅེ།

    9cba125b-66bc-4ffe-8b41-199956f6dc52.jpg.jpg

    བློ་མཐུན་ལི་ཧྲུའུ་ལེ།

    cb95105f-c108-4c77-822c-b7a64edd7dcf.jpg.jpg

    བློ་མཐུན་ལི་ཧུང་ཀྲུང་།

    c1890b1f-e007-43d1-8388-7820ef8b15fd.jpg.jpg

    བློ་མཐུན་ཧོ་ཝུའེ་ཏུང་།

    c8adbceb-9d44-40cb-8086-a2b1ed46ea91.jpg.jpg

    བློ་མཐུན་ཧོ་ལི་ཧྥུང་།

    c1e44ef5-ec8a-465d-87e4-4358e35c301e.jpg.jpg

    བློ་མཐུན་ཀྲང་ཡིའུ་ཞ།

    ebf0691c-f45f-4241-ac2e-43f589abf274.jpg.jpg

    བློ་མཐུན་ཀྲང་གོ་ཆིང་།

    8874a32c-b723-475a-9e64-f6f675da258a.jpg.jpg

    བློ་མཐུན་ཁྲེན་ཝུན་ཆིང་།

    20eafbd2-5538-4640-a077-d75b7b31a7b5.jpg.jpg

    བློ་མཐུན་ཁྲེན་ཅི་ཉིང་།

    231e10cb-cc5e-4161-a189-f5c0a5425cbb.jpg.jpg

    བློ་མཐུན་ཁྲེན་མིན་ཨེར།

    c7f6cef5-7985-4cb5-94ac-f8fbed636236.jpg.jpg

    བློ་མཐུན་ཡོན་ཅ་ཅུན།

    701ca099-29ea-47fe-bbe3-ba82c9cf10eb.jpg.jpg

    བློ་མཐུན་ཧོང་ཁུན་མིང་།

    acb53445-1c9d-4dce-989e-ec33fc1c5b6b.jpg.jpg

    བློ་མཐུན་ལིའུ་ཅིན་གོ

    02fbc112-9545-4ac6-a792-9e8c17a22775.jpg.jpg

    བློ་མཐུན་ཝང་ཞའོ་ཧུང་།

    བློ་མཐུན་མ་ཤིང་རུའེ།

    མ་ཤིང་རུའེ། སྐྱེས་པ། རྒྱ་རིགས། 1959ལོའི་ཟླ་10པར་འཁྲུངས། ཧྲན་ཏུང་ཡུན་ཁྲེང་བ། 1988ལོའི་ཟླ་3པར་ལས་ཀར་ཞུགས། 1988ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧའར་པིན་བཟོ་ལས་སློབ་ཆེན་འཕུར་སྐྱོད་སྒུལ་ཤུགས་རིག་པའི་ཞིབ་འཇུག་ཁང་གི་འཆར་ཅན་ཤུགས་རིག་པའི་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། བཟོ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། དགེ་རྒན་ཆེ་མོ་བ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཝང་དབྱི།

    ཝང་དབྱི། སྐྱེས་པ། རྒྱ་རིགས། 1953ལོའི་ཟླ་10པར་འཁྲུངས། པེ་ཅིང་བ། 1969ལོའི་ཟླ་9པར་ལས་ཀར་ཞུགས། 1981ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སྐད་ཡིག་ཚན་ཁག་ནས་ཐོན། སློབ་ཆེན་གྱི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཁོངས་མི། ཕྱི་འབྲེལ་པུའི་པུའུ་ཀྲང་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་དབྱིན་ལི།

    དབྱིན་ལི། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་8པར་འཁྲུངས། ཧྲན་ཏུང་ལིན་དབྱི་བ། 1987ལོའི་ཟླ་9པར་ལས་ཀར་ཞུགས། 1983ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཨུ་རུ་སུའི་གསོ་རིག་ཚན་རིག་ཁང་ཤེ་མ་ཧྲི་ཁེའི་སྤྱི་ཚོགས་འཕྲོད་བསྟེན་དང་། དཔལ་འབྱོར་དང་འཕྲོད་བསྟེན་བྱ་གཞག་དོ་དམ་ཞིབ་འཇུག་ཁང་འཕྲོད་བསྟེན་དཔལ་འབྱོར་དང་འཕྲོད་བསྟེན་བྱ་གཞག་དོ་དམ་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། གསོ་རིག་འབུམ་རམས་པའི་སློབ་གནས་ཐོབ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཧྲེ་ཐའེ་ཧྥུང་།

    ཧྲེ་ཐའེ་ཧྥུང་། སྐྱེས་པ། རྒྱ་རིགས། 1956ལོའི་ཟླ་9པར་འཁྲུངས། ཧྲན་ཤིས་ཡུས་ཧྲེ་བ། 1974ལོའི་ཟླ་5པར་ལས་ཀར་ཞུགས། 1982ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། པེ་ཅིང་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ཁྲིམས་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། དགེ་རྒན་ཆེ་མོ་བ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ལིའུ་གོ་ཀྲུང་།

    ལིའུ་གོ་ཀྲུང་། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་7པར་འཁྲུངས། ཧེ་ལུང་ཅང་ཝང་ཁུའེ་བ། 1982ལོའི་ཟླ་8པར་ལས་ཀར་ཞུགས། 1986ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧའར་པིན་བཟོ་ལས་སློབ་ཆེན་ལྕགས་རིགས་རྒྱུ་ཆ་དང་བཟོ་རྩལ་ཚན་ཁག་གནོན་ཤུགས་ལས་སྣོན་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། བཟོ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། ལས་རོགས་བཟོ་བཀོད་ཆེ་མོ་བ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ལི་ཀན་ཅེ།

    ལི་ཀན་ཅེ། སྐྱེས་པ། རྒྱ་རིགས། 1964ལོའི་ཟླ་11པར་འཁྲུངས། ཧུའུ་ནན་ཁྲང་ཧྲ་བ། 1989ལོའི་ཟླ་7པར་ལས་ཀར་ཞུགས། 1984ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཆིང་ཧྭ་སློབ་ཆེན་ཉིང་རྡུལ་ནུས་པའི་ལག་རྩལ་ཞིབ་འཇུག་ཁང་ཉིང་རྡུལ་འགྱུར་འབྱུང་ཕུང་པོའི་བཟོ་སྐྲུན་དང་བདེ་འཇགས་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། བཟོ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། མཐོ་རིམ་བཟོ་བཀོད་ཆེ་མོ་བ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ལི་ཧྲུའུ་ལེ།

    ལི་ཧྲུའུ་ལེ། སྐྱེས་པ། རྒྱ་རིགས། 1964ལོའི་ཟླ་དང་པོར་འཁྲུངས། ཧོ་ནན་ཡོན་དབྱང་བ། 1984ལོའི་ཟླ་12པར་ལས་ཀར་ཞུགས། 1986ལོའི་ཟླ་9པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་ཀྲུང་གོའི་དེང་རབས་རྩོམ་རིག་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། རྩོམ་རིག་རབ་འབྱམས་པའི་སློབ་གནས་ཐོབ། དགེ་རྒན་ཆེ་མོ་བ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་དོན་གྱི་ལས་བགོས་འགན་གཉེར་པུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ལི་ཧུང་ཀྲུང་།

    ལི་ཧུང་ཀྲུང་། སྐྱེས་པ། རྒྱ་རིགས། 1956ལོའི་ཟླ་8པར་འཁྲུངས། ཧྲན་ཏུང་ཁྲང་ལེ་བ། 1975ལོའི་ཟླ་8པར་ལས་ཀར་ཞུགས། 1976ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཅི་ལིན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་ལོ་རྒྱུས་རིག་པའི་ཆེད་ལས་ནས་ཐོན། སློབ་ཆེན་གྱི་སློབ་རྒྱུས་ལྡན། དཔལ་འབྱོར་བ་ཆེ་མོ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཧོ་ཝུའེ་ཏུང་།

    ཧོ་ཝུའེ་ཏུང་། སྐྱེས་པ། རྒྱ་རིགས། 1957ལོའི་ཟླ་5པར་འཁྲུངས། ཅང་སུའུ་ཏུང་ཐའེ་བ། 1972ལོའི་ཟླ་12པར་དམག་དཔུང་ལ་ཞུགས། 1978ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་རྒྱུས་ལྡན།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། སྐམ་དམག་གི་ཧྲང་ཅང་དམག་དཔོན་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཧོ་ལི་ཧྥུང་།

    ཧོ་ལི་ཧྥུང་། སྐྱེས་པ། རྒྱ་རིགས། 1955ལོའི་ཟླ་2པར་འཁྲུངས། ཀོང་ཏུང་ཤིང་ཉིང་བ། 1973ལོའི་ཟླ་8པར་ལས་ཀར་ཞུགས། 1981ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཞ་མོན་སློབ་ཆེན་ནོར་སྲིད་དངུལ་རྩའི་ཚན་ཁག་ནོར་སྲིད་རིག་པའི་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའི་ཁོངས་མི། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་དང་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཀྲང་ཡིའུ་ཞ།

    ཀྲང་ཡིའུ་ཞ། སྐྱེས་པ། རྒྱ་རིགས། 1950ལོའི་ཟླ་7པར་འཁྲུངས། ཧྲའན་ཤིས་ཝུའེ་ནན་བ། 1968ལོའི་ཟླ་12པར་དམག་དཔུང་ལ་ཞུགས། 1969ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། དམག་དོན་སློབ་གླིང་གི་གཞི་རྩའི་ཚན་ཁག་ནས་ཐོན། ཆེད་ཚན་སློབ་གྲྭ་ཆེན་མོའི་སློབ་རྒྱུས་ལྡན།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། སྐམ་དམག་གི་ཧྲང་ཅང་དམག་དཔོན་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཀྲང་གོ་ཆིང་།

    ཀྲང་གོ་ཆིང་། སྐྱེས་པ། རྒྱ་རིགས། 1964ལོའི་ཟླ་8པར་འཁྲུངས། ཧོ་ནན་ལུའོ་ཧྲན་བ། 1985ལོའི་ཟླ་9པར་ལས་ཀར་ཞུགས། 1984ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གྲངས་འབོར་དཔལ་འབྱོར་རིག་པའི་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ཞིབ་འཇུག་པ་རིམ་པའི་མཐོ་རིམ་བཟོ་བཀོད་ཆེ་མོ་བ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཁྲེན་ཝུན་ཆིང་།

    ཁྲེན་ཝུན་ཆིང་། སྐྱེས་པ། རྒྱ་རིགས། 1960ལོའི་ཟླ་དང་པོར་འཁྲུངས། སི་ཁྲོན་རེན་ཧྲོའུ་བ། 1984ལོའི་ཟླ་7པར་ལས་ཀར་ཞུགས། 1983ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་བཅའ་ཁྲིམས་ཚན་ཁག་བཅའ་ཁྲིམས་ཆེད་ལས་ནས་ཐོན། སློབ་གྲྭ་ཆེ་མོའི་སློབ་རྒྱུས་ལྡན།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཁབ་བདེ་འཇཌ་པུའི་པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཁྲེན་ཅི་ཉིང་།

    ཁྲེན་ཅི་ཉིང་། སྐྱེས་པ། རྒྱ་རིགས། 1964ལོའི་ཟླ་2པར་འཁྲུངས། ཅི་ལིན་ལི་ཧྲུའུ་བ། 1998ལོའི་ཟླ་4པར་ལས་ཀར་ཞུགས། 1984ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། དབྱིན་ཇི་བཙན་རྒྱལ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཨར་ལས་ཚན་ཁག་ཁོར་ཡུག་མ་ལག་དབྱེ་ཞིབ་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། བཟོ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། དགེ་རྒན་ཆེ་མོ་བ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། པེ་ཅིང་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་ཅན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཁྲེན་མིན་ཨེར།

    ཁྲེན་མིན་ཨེར། སྐྱེས་པ། རྒྱ་རིགས། 1960ལོའི་ཟླ་9པར་འཁྲུངས། ཀྲེ་ཅང་ཀྲུའུ་ཅི་བ། 1981ལོའི་ཟླ་8པར་ལས་ཀར་ཞུགས། 1982ལོའི་ཟླ་9པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཡོན་ཅ་ཅུན།

    ཡོན་ཅ་ཅུན། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་9པར་འཁྲུངས། ཅི་ལིན་ཐུང་ཧྭ་བ། 1987ལོའི་ཟླ་7པར་ལས་ཀར་ཞུགས། 1992ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། མཁའ་འགྲུལ་མཁའ་སྐྱོད་པུའུ་ཞིབ་འཇུག་ཁང་ལྔ་པ་501པུའི་བར་སྣང་འཕུར་སྐྱོད་འཕྲུལ་ཆས་ཇུས་འགོད་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། བཟོ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ཞིབ་འཇུག་པ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཧོང་ཁུན་མིང་།

    ཧོང་ཁུན་མིང་། སྐྱེས་པ། རྒྱ་རིགས། 1956ལོའི་ཟླ་11པར་འཁྲུངས། ཧྥུའུ་ཅན་ཧྲང་ཧང་བ། 1974ལོའི་ཟླ་12པར་ལས་ཀར་ཞུགས། 1976ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཆིང་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་སྤྱི་པའི་དོ་དམ་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དོ་དམ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།

    ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གི་འགན་བཞེས་བཞིན་ཡོད།

    བློ་མཐུན་ལིའུ་ཅིན་གོ

    ལིའུ་ཅིན་གོ། སྐྱེས་པ། རྒྱ་རིགས། 1955ལོའི་ཟླ་4པར་འཁྲུངས། ཧོ་པེ་ཁྲང་ལི་བ། 1976ལོའི་ཟླ་12པར་ལས་ཀར་ཞུགས། 1975ལོའི་ཟླ་9པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་རྒྱུས་ལྡན།

    ད་ལྟ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྤྱི་ཁྱབ་ལྟ་ཞིབ་དཔོན་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    བློ་མཐུན་ཝང་ཞའོ་ཧུང་།

    ཝང་ཞའོ་ཧུང་། སྐྱེས་པ། རྒྱ་རིགས། 1957ལོའི་ཟླ་7པར་འཁྲུངས། ཧྥུའུ་ཅན་ཧྥུའུ་ཀྲོའུ་བ། 1974ལོའི་ཟླ་7པར་ལས་ཀར་ཞུགས། 1982ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་རྒྱུས་ལྡན།

    ད་ལྟ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། སྤྱི་བདེ་པུའི་པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།