[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
 • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་གྱི་བསྐོ་བཞག་མཚན་ཐོ།

  (2019ལོའི་ཟླ་9ཚེས་2ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ) ཀྲང་ཧུང་པོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱ་རྒྱུའི་གཏན་འབེབས་བྱས་པ།

 • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

  657829_yis_1567576460931.jpg

  བློ་མཐུན་ཀྲང་ཧུང་པོ་ཡི་ལོ་རྒྱུས་མདོར་བསྡུས།

  ཀྲང་ཧུང་པོ། རྒྱ་རིགས། 1965ལོའི་ཟླ་3པར་སྐྱེས། (ལོ་54) སི་ཁྲོན་ཤོན་ཧན་ནས་ཡིན་པ། 1985ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1986ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

  1982ལོའི་ཟླ་9པ—1986ལོའི་ཟླ་7པ་བར་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་ཞིང་ལས་རིག་པ་ཚན་ཁག་ཏུ་ཞིང་ལས་རིག་པའི་ཆེད་ལས་སློབ་སྦྱོང་གནང་བ་དང་།

  1986ལོའི་ཟླ་7པ—1987ལོའི་ཟླ་5པ་བར་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་མི་དོན་ཁྲུའུ་ཡི་ལས་བྱེད་པ་གནང་།

  1987ལོའི་ཟླ་5པ—1989ལོའི་ཟླ་4པ་བར་བོད་རང་སྐྱོང་ལྗོངས་གསར་སྤེལ་བྱ་གཞག་ཅུས་ཀྱི་དྲུང་ཆེ་ཆབ་སྲིད་ལས་དོན་ཁོའོ་ཡི་ལས་བྱེད་པ་གནང་།

  1989ལོའི་ཟླ་4པ—1994ལོའི་ཟླ་1བར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ངལ་རྩོལ་སྒྱུར་བཀོད་ཅུས་ཆབ་སྲིད་ཁྲུའུ་ཡི་ལས་བྱེད་པ་དང་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་གནང་།

  1994ལོའི་ཟླ་1པོ—1999ལོའི་ཟླ་6པ་བར་བོད་རང་སྐྱོང་ལྗོངས་བཙོན་ཁང་ཅུས་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན་གནང་།

  1999ལོའི་ཟླ་6པ—2000ལོའི་ཟླ་11བར་བོད་རང་སྐྱོང་ལྗོངས་བཙོན་ཁང་ཅུས་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རེན་དང་སྤོ་བོ་བཙོན་ཁང་གི་བཙོན་ཁང་འགོ་འཛིན་གཞོན་པ་གནང་།

  (1997ལོའི་ཟླ་8པ—1999ལོའི་ཟླ་12བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་དངོས་གཞིའི་ཚན་ཁག་འཛིན་གྲྭར་སྲིད་འཛིན་དོ་དམ་གྱི་ཆེད་ལས་སློབ་སྦྱོང་གནང)

  (1997ལོའི་ཟླ་9པ—2000ལོའི་ཟླ་6པ་བར་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་གི་རང་སྦྱོང་རྒྱུགས་ལེན་གྱི་ཆེད་ཚན་འཛིན་གྲྭར་བཙོན་ཁང་དོ་དམ་གྱི་ཆེད་ལས་སློབ་སྦྱོང་གནང)

  2000ལོའི་ཟླ་11པ—2002ལོའི་ཟླ་9པ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

  2002ལོའི་ཟླ་9པ—2007ལོའི་ཟླ་4པ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དང་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གནང་།

  (2006ལོའི་ཟླ་3པ—2006ལོའི་ཟླ་8པ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་གཞོན་ནུ་དར་མའི་འཛིན་གྲྭར་སློབ་སྦྱོང་གནང)

  2007ལོའི་ཟླ་4པ—2009ལོའི་ཟླ་11བར་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ(ཐིང་རིམ་པ་གཞོན་པ)གནང་།

  (2005ལོའི་ཟླ་9པ—2007ལོའི་ཟླ་9པ་བར་སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་གནང)

  2009ལོའི་ཟླ་11—2010ལོའི་ཟླ་9པ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་གནང་།

  2010ལོའི་ཟླ་9པ—2010ལོའི་ཟླ་9པ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་གནང་།

  2010ལོའི་ཟླ་9པ—2011ལོའི་ཟླ་5པ་བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།

  2011ལོའི་ཟླ་5པ—2011ལོའི་ཟླ་12པ་བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ས་ཁུལ་སྤྱི་བདེ་ཁྲུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་གནང་།

  2011ལོའི་ཟླ་12—2012ལོའི་ཟླ་12བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཏང་ཨུད་ཧྲུའུ་ཅི(ས་ཁུལ་རིམ་པ་རྒན་པ)གནང་།

  2012ལོའི་ཟླ་12—2014ལོའི་ཟླ་12བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་།

  2014ལོའི་ཟླ་12—2015ལོའི་ཟླ་9པ་བར་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲེ་ཀྲང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་།

  2015ལོའི་ཟླ་9པ—2018ལོའི་ཟླ་6པ་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་གཞོན་པ། པེ་ཅིང་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་གནང་།

  (2017ལོའི་ཟླ་3པ—2017ལོའི་ཟླ་7པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་དུས་ཐེངས་42ཀྱི་གཞོན་ནུ་དར་མའི་འཛིན་གྲྭ་དང་པོར་སློབ་སྦྱོང་གནང)

  2018ལོའི་ཟླ་6པ་ནས་ད་བར་བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་དྲ་སྦྲེལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་། ལྟ་ཞིབ་དཔོན་བཅས་གནང་

  --    --

  འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།