[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་དང་། གྲོས་ཆོད། བསྐོ་འཐེན་མཚན་ཐོ།

    (2019ལོའི་ཟླ་7ཚེས་31ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པར་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-02

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ལྷོ་ཁ་གྲོང་ཁྱེར་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་ལག་བསྟར་བྱ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་ནོར་སྲིད་ཐིང་གི་ཐིང་ཀྲང་ཡོན་ཏན་གྱིས་གནང་བའི《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2018ལོའི་ནོར་ཀྱི་སྲིད་ངེས་རྩིས་སྐོར་གྱི་སྙན་ཞུ》གསན་པ་རེད། ཚོགས་འདུའི་ཐོག་2018ལོའི་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ནོར་སྲིད་ཀྱི་ངེས་རྩིས་འཆར་ཟིན་དང་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ནོར་སྲིད་ཀྱི་ངེས་རྩིས་སྙན་ཞུར་ཞིབ་བཤེར་བྱས་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུར་མོས་མཐུན་བྱས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2018ལོའི་ནོར་སྲིད་ཀྱི་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་ནོར་སྲིད་ཐིང་གི་ཐིང་ཀྲང་ཡོན་ཏན་གྱིས་གནང་བའི《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2019ལོའི་ནོར་སྲིད་ཀྱི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུ》གསན་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུར་མོས་མཐུན་བྱས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2019ལོའི་ནོར་སྲིད་ཀྱི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་དང་། ཝང་གཡུང་ཅུན་གྱིས་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཐོ་འགོད་སྙན་སེང་ཞུ་རྒྱུར་ཕུལ་བ།

    བསྐོ་གཞག

    ཝང་ཝེ་ཏུང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་།

    ཝང་ཝེ་ཏུང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱ་རྒྱུ།

    ཕྱིར་འཐེན།

    མཱ་ཐའོ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

    བསྐོ་གཞག

    ལིན་ཆིང་ཀྲི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པར་བསྐོ་གཞག་བྱ་རྒྱུ།

    མཱ་ཐའོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཚན་སློབ་རིག་འཕྲོད་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱ་རྒྱུ།

    ཕྱིར་འཐེན།

    སྤེན་པ་ལྷ་མོའི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པའི་གོ་གནས་དང་།

    ལིའུ་ལིན་གྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པའི་གོ་གནས།

    ཟླ་བའི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པའི་གོ་གནས་བཅས་ཕྱིར་འཐེན་བྱ་རྒྱུ།

    ཕྱིར་འཐེན།

    ཚེ་རིང་ནོར་བུའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པ་དང་ཞིབ་དཔྱོད་ཨུ་ལྷན་གྱི་ཨུ་ཡོན་གྱི་གོ་གནས་དང་།

    ཁྲེན་ཕང་ལན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    དབྱང་ཧུང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    ལི་ཧྲའོ་ཧུའེ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    ཝང་ཧའེ་ཝེའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    འཇམ་དབྱངས་རྡོ་རྗེའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    དབང་ཕྱུག་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    བསོད་ནམས་དབང་ཕྱུག་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    ལིའུ་ཧྭ་ཕུང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    ཞུས་ལིའུ་ཁྲའོ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས།

    ཀུའོ་ཏན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པའི་གོ་གནས་བཅས་ཕྱིར་འཐེན་བྱ་རྒྱུ།

    ཕྱིར་འཐེན་ཆོག་མཆན།

    ཤང་ཅིན་ཁྲེང་གི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།