[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གོ་གནས་བསྐོ་འཐེན་མཚན་ཐོ།

    (2018ལོའི་ཟླ་7ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-30

    བསྐོ་གཞག

    ཙེང་ཀེ་ཝུའུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱ་རྒྱུ།

    བསྐོ་གཞག

    ཧན་གོ་ཀོང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱ་རྒྱུ།

    ཕྱིར་འཐེན།

    བུ་ཆུང་བཀྲ་ཤིས་ཀྱི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

    ཉི་ཀྲུང་ཝུའེ་ཡི་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཁྲིམས་ས་གསུམ་པའི་ཐིང་ཀྲང་གཞོན་པ་དང་འདྲི་གཅོད་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

    བསྐོ་གཞག

    ཚེ་ལྷ་སྐྱིད་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཁྲིམས་ས་གསུམ་པའི་ཐིང་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུ།

    ཕྱིར་འཐེན།

    ཧན་གོ་ཀོང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།