[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>མི་དོན་བསྐོ་འཐེན།
  • བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-31

    478717_yis_1517330978593.jpg

    ཆེ་དགྲ་ལྷ། སྐྱེས་པ། བོད་རིགས། 1958ལོའི་ཟླ་8པར་སྐྱེས། ཡུན་ནན་སེམས་ཀྱི་ཉི་ཟླ་བ། 1982ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1979ལོའི་ཟླ་12པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

    ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་བཅས་ཀྱི་འགན་འཁུར་མུས།

    1979.12—1983.04 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་རྒྱལ་ཐང་རྫོང་ཉི་ཤར་ཀུང་ཧྲེའི་སྡེ་ཚོགས་ཀྱི་ཧྲུའུ་ཅི་དང་གཞོན་ནུའི་ལས་བྱ་བྱས།

    1983.04—1984.08 གུང་གཞོན་སྡེ་ཚོགས་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།

    1984.08—1986.08 ཡུན་ནན་ཞིང་ཨུད་ཏང་སློབ་ཀྱི་ཆེད་ཚན་སློབ་ཆེན་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས།

    1986.08—1988.06 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་རྒྱལ་ཐང་རྫོང་ཨུད་ཏང་སློབ་ཀྱི་སློབ་སྤྱི་བྱས།

    1988.06—1990.06 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་རྒྱལ་ཐང་རྫོང་ཨུད་ཀྱི་རྒྱུན་ཨུད་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ཏང་སློབ་ཀྱི་སློབ་སྤྱི་བཅས་བྱས།

    1990.06—1994.08 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།

    1994.08—1997.08 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    1997.08—2000.02 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་ཨུད་ཀྱི་རྒྱུན་ཨུད་དང་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས། (1995.08—1997.12བར། ཀྲུང་དབྱང་ཏང་སློབ་འཕྲིན་བརྒྱུད་སློབ་གླིང་གི་སྲིད་ཁྲིམས་ཆེད་ལས་དངོས་ཚན་འཛིན་གྲྭར་སློབ་སྦྱོང་བྱས། 1996.09—1998.07བར། ཡུན་ནན་མི་རིགས་སློབ་གླིང་དཔལ་འབྱོར་དོ་དམ་ཚན་ཁག་ཏུ་མི་རིགས་རིག་གནས་དང་མི་རིགས་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས)

    2000.02—2001.03 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2001.03—2001.06 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཀྲའུ་ཀྲང་། རྒྱལ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།

    2001.06—2007.02 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲའུ་ཀྲང་བྱས(དེའི་རིང་2003.08—2003.12བར། ནོར་སྲིད་པུའུ་རྒྱལ་མཛོད་སིའི་སི་ཀྲང་གཞོན་པར་གནས་སྦྱར་སྦྱོང་བརྡར་བྱས)

    2007.02—2007.05 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་དང་ཀྲའུ་ཀྲང་བྱས།

    2007.05—2010.05 ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་བྱས(2006.03—2008.01བར། ཀྲུང་དབྱང་ཏང་སློབ་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་བྱས)

    2010.05—2010.09 ཡུན་ནན་ཞིང་ཨུད་ཀྱི་རྒྱུན་ཨུད་དང་བདེ་ཆེན་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་བྱས།

    2010.09—2011.01 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་བྱས།

    2011.01—2011.11 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་བྱས།

    2011.11—2012.01 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་བྱས།

    2012.01—2016.11 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2016.11—2016.12 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2016.12—2017.01 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།

    2017.01— བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་བཅས་བྱས།

    སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་བྱས།

    478634_yis_1517328621762.jpg

    ཀྲོང་ཡན། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་8པར་སྐྱེས། ཅི་ལིན་ནུང་ཨན་བ། 1985ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1988ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པ།

    ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་འཁུར་མུས།

    1984.09—1988.07 ཅི་ལིན་ནོར་སྲིད་དང་ཉོ་ཚོང་སློབ་གླིང་གི་ཉོ་ཚོང་དཔལ་འབྱོར་ཚན་ཁག་ཏུ་ཚོང་ལས་དཔལ་འབྱོར་ཆེད་ལས་སློབ་སྦྱོང་བྱས།

    1988.07—1990.10 ཅི་ལིན་ཞིང་ཆེན་ཟོག་གོང་ཅུད་ཟོག་གོང་ཞིབ་བཤེར་སོའི་ཁོའོ་ཡོན་བྱས།

    1990.10—1998.03 ཅི་ལིན་ཞིང་ཆེན་མི་དོན་ཐིང་ཞིང་ཆེན་ཐད་གཏོགས་སྒྲིག་གཞི་བཟོ་འགོད་ཁྲུའི་ལས་བྱེད་པ་བྱས།

    1998.03—2000.09 ཅི་ལིན་ཞིང་ཨུད་རྩ་འཛུགས་པུའི་དཔལ་འབྱོར་ལས་བྱེད་ཁྲུའི་ལས་བྱེད་པ་བྱས།

    2000.09—2004.07 ཅི་ལིན་ཞིང་ཨུད་རྩ་འཛུགས་པུའི་ལས་བྱེད་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པ་བྱས(དེའི་རིང་2001.09—2004.06བར། ཅི་ལིན་སློབ་ཆེན་ཨེ་ཤ་ཡའི་བྱང་ཤར་ཞིབ་འཇུག་ཁང་གི་འཛམ་གླིང་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་ནས་དཔལ་འབྱོར་རིག་པའི་ཤེས་རམས་པའི་མཚན་གནས་ཐོབ)

    2004.07—2006.01 ཅི་ལིན་ཞིང་ཨུད་རྩ་འཛུགས་པུའུ་ཤེས་ལྡན་པའི་ལས་དོན་ཁྲུའི་ཁྲུའུ་ཀྲང་བྱས།

    2006.01—2006.11 ཅི་ལིན་ཞིང་ཆེན་ཏཱ་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱི་གཞོན་པ། ལས་ཚབ་གྲོང་སྤྱི་བཅས་བྱས།

    2006.11—2007.01 ཅི་ལིན་ཞིང་ཆེན་ཏཱ་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་བྱས།

    2007.01—2009.02 ཅི་ལིན་ཞིང་ཆེན་ཡན་པན་ཁྲའོ་ཤན་མི་རིགས་རང་སྐྱོང་ཀྲའུ་ཨུད་ཀྱི་རྒྱུན་ཨུད་དང་རྩ་འཛུཌ་པུའི་པུའུ་ཀྲང་བྱས། (2004.08—2007.07བར། ཅི་ལིན་ཞིང་ཨུད་ཏང་སློབ་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཁྲིམས་ལུགས་ཆེད་ལས་སློབ་སྦྱོང་བྱས)

    2009.02—2010.05 ཅི་ལིན་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བྱས།

    2010.05—2012.05 ཅི་ལིན་ཞིང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ(ཐིང་རིམ་རྒན་པ)བྱས།

    2012.05—2015.05 ཅི་ལིན་ཞིང་ཨུད་ཀྱི་རྒྱུན་ཨུད་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་བྱས། (2010.09—2014.06བར། ཅི་ལིན་སློབ་ཆེན་ཨེ་ཤ་ཡའི་བྱང་ཤར་ཞིབ་འཇུག་ཁང་འཛམ་གླིང་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་ནས་དཔལ་འབྱོར་རིག་པའི་འབུམ་རམས་པའི་མཚན་གནས་ཐོབ)

    2015.05—2016.01 ཅི་ལིན་ཞིང་ཨུད་ཀྱི་རྒྱུན་ཨུད་དང་ཧྲེང་ཀྲང་གཞོན་པ་བྱས།

    2016.01—2017.03 ཅི་ལིན་ཞིང་ཨུད་ཀྱི་རྒྱུན་ཨུད་དང་ཧྲེང་ཀྲང་གཞོན་པ་དང་། ཡན་པན་ཁྲའོ་ཤན་མི་རིགས་རང་སྐྱོང་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་བྱས།

    2017.03—2017.06 ཅི་ལིན་ཞིང་ཨུད་ཀྱི་རྒྱུན་ཨུད་དང་ཡན་པན་ཁྲའོ་ཤན་མི་རིགས་རང་སྐྱོང་ཀྲའུ་ཨུད་ཀྱི་ཧྲུའུ་ཅི་བྱས།

    2017.06— བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་བྱས།

    478629_yis_1517328613884.jpg

    ནོར་བུ་དོན་གྲུབ།

    ནོར་བུ་དོན་གྲུབ། སྐྱེས་པ། བོད་རིགས། 1960ལོའི་ཟླ་12པར་སྐྱེས། བོད་ལྗོངས་འཕྱོངས་རྒྱས་བ། 1978ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1978ལོའི་ཟླ་8པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་སློབ་ཀྱི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

    ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཁུར་མུས།

    1975.09—1978.08 ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་སློབ་གྲྭའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱས།

    1978.08—1987.07 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་གནས་སྤྱི་བདེ་ཁྲུའི་ཉེས་དོན་ཉེན་རྟོག་རུ་ཁག་གི་ལས་བྱེད་ཉེན་རྟོག་པ་བྱས(དེའི་རིང་1981.01—1981.10བར། སྤྱི་བདེ་པུའི་མི་དམངས་ཉེན་རྟོག་ལས་བྱེད་སློབ་གྲྭར་རྗེས་ཤུལ་རྩད་ཞིབ་ཆེད་ལས་སློབ་སྦྱོང་བྱས)

    1987.07—1990.03 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་གནས་སྤྱི་བདེ་ཁྲུའི་ཉེས་དོན་ཉེན་རྟོག་རུ་ཁག་གི་རུ་དཔོན་བྱས།

    1990.03—1992.03 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་གནས་སྤྱི་བདེ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བྱས།

    1992.03—1995.09 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་གནས་སྤྱི་བདེ་ཁྲུའུ་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཁྲུའུ་ཀྲང་བྱས(དེའི་རིང་1992.09—1993.07བར། ཀྲུང་དབྱང་ཏང་སློབ་སྦྱོང་བརྡར་པུའི་དུས་ཐེངས་བརྒྱད་པའི་བོད་ལྗོངས་མི་རིཌ་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས)

    1995.09—1996.11 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཨུ་ཡོན་དང་ས་གནས་སྤྱི་བདེ་ཁྲུའི་ཁྲུའུ་ཀྲང་བྱས།

    1996.11—1998.07 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱས།

    1998.07—2001.07 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུད་དང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་བྱས(1997.08—2000.06བར། ཀྲུང་དབྱང་ཏང་སློབ་འཕྲིན་བརྒྱུད་སློབ་གླིང་གི་ཆེད་ཚན་སློབ་ཆེན་འཛིན་གྲྭར་ཏང་སྲིད་དོ་དམ་ཆེད་ལས་སློབ་སྦྱོང་བྱས)

    2001.07—2001.09 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་བྱས།

    2001.09—2001.10 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་(ས་གནས་རིམ་པ་རྒན་པ)བྱས།

    2001.10—2002.12 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང(ས་གནས་རིམ་པ་རྒན་པ)བྱས(2000.08—2002.12བར། ཀྲུང་དབྱང་ཏང་སློབ་འཕྲིན་བརྒྱུད་སློབ་གླིང་གི་འགོ་ཁྲིད་ལས་བྱེད་པའི་འཕྲིན་བརྒྱུད་དངོས་ཚན་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་བྱས)

    2002.12—2006.09 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་བྱས(2002.03—2003.01བར། ཀྲུང་དབྱང་ཏང་སློབ་སྦྱོང་བརྡར་པུའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས། 2003.03—2005.01བར། ཀྲུང་དབྱང་ཏང་སློབ་ཞིབ་འཇུག་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཀྲུང་གུང་ཏང་གི་ལོ་རྒྱུས་ཆེད་ལས་སློབ་སྦྱོང་བྱས)

    2006.09—2007.01 བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཡོན་ཀྲང་གཞོན་པ་བྱས།

    2007.01—2011.11 བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་བྱས།

    2011.11—2013.01 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བཅས་བྱས།

    2013.01—2014.12 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་བྱས།

    2014.12—2016.11 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2016.11—2016.12 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།

    2016.12—2017.04 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།

    2017.04— བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་བཅས་བྱས། 

    478627_yis_1517328610686.jpg

    ཅང་ཅེ།

    ཅང་ཅེ། སྐྱེས་པ། རྒྱ་རིགས། 1965ལོའི་ཟླ་10པར་སྐྱེས། ཧྲན་ཏུང་ཅའོ་ཀྲོའུ་བ། 1985ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1985ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དོ་དམ་རིག་པའི་འབུམ་རམས་པ།

    ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་འཁུར་མུས།

    1981.09—1985.07 ཧྲན་ཏུང་སློབ་ཆེན་ལོ་རྒྱུས་ཚན་ཁག་ཏུ་འཛམ་གླིང་ལོ་རྒྱུས་ཀྱི་ཆེད་ལས་སློབ་སྦྱོང་བྱས།

    1985.07—1991.05 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གསར་འགོད་པ་བྱས།

    1991.05—1993.09 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཨུད་དོན་གཅོད་ཐིང་ལྟ་ཞིབ་ཁྲུའི་དྲུང་ཡིག་བྱས།

    1993.09—1994.12 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཨུད་དོན་གཅོད་ཐིང་ལྟ་ཞིབ་ཁྲུའི་ཁྲུའུ་རིམ་གཞོན་པའི་དྲུང་ཡིག་བྱས།

    1994.12—1998.09 ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཚོཌ་པའི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཉོ་ཚོང་སྐུལ་སྤེལ་ཡན་ལག་ཚོགས་པའི་ཡོ་རོབ་དང་ཨ་རིའི་མ་འཇོག་ལས་དོན་ཁྲུའི་ཁྲུའུ་ཀྲང་བྱས།

    1998.09—2000.02 ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཚོགས་པ(ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས)ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ་བྱས།

    2000.02—2002.12 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཆུད་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུད་ཀྲང་། ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས(1999.09—2001.07བར། ཀྲུང་གོ་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་ཕྱི་འབྲེལ་དཔལ་འབྱོར་ཆེད་ལས་ཞིབ་འཇུག་སློབ་མའི་བསླབ་གཞིའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)

    2002.12—2003.06 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཆུད་ཨུད་ཀྱི་ཧྲུའུ་ཅི་དང་། ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་བྱས།

    2003.06—2004.09 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཆུད་ཨུད་ཀྱི་ཧྲུའུ་ཅི་དང་། ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བྱས།

    2004.09—2004.12 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཆུད་ཨུད་ཀྱི་ཧྲུའུ་ཅི་དང་། ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི(ཐིང་རིམ་རྒན་པ)བྱས།

    2004.12—2005.12 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཆུད་ཨུད་ཀྱི་ཧྲུའུ་ཅི་དང་། ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཀྲུའུ་རེན(ཐིང་རིམ་རྒན་པ)བྱས།

    2005.12—2011.01 ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཨུད་ཀྱི་རྒྱུན་ཨུད་དང་ཧོང་ཏའོ་ཆུད་ཨུད་ཀྱི་ཧྲུའུ་ཅི། ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཀྲུའུ་རེན་བྱས(2002.09—2006.01བར། ཀྲུང་གོ་མི་དམངས་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་སྲིད་འཛིན་དོ་དམ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་ནས་དོ་དམ་རིག་པའི་འབུམ་རམས་པའི་མཚན་གནས་ཐོབ)

    2011.01—2011.02 ཧྲན་ཏུང་ཞིང་ཆེན་ཏུང་ཡེང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས(ཐིང་རིམ་རྒན་པ)

    2011.02—2011.06 ཧྲན་ཏུང་ཞིང་ཆེན་ཏུང་ཡེང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་གྲོང་སྤྱི་བྱས།

    2011.06—2011.12 ཧྲན་ཏུང་ཞིང་ཆེན་ཏུང་ཡེང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་བྱས།

    2011.12—2012.03 ཧྲན་ཏུང་ཞིང་ཆེན་ཏུང་ཡེང་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2012.03—2013.06 ཧྲན་ཏུང་ཞིང་ཆེན་ཏུང་ཡེང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱས།

    2013.06—2013.07 བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འོས་མི་བྱས།

    2013.07—2015.07 བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བྱས།

    2015.07—2016.01 བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་བྱས། 2016.01—2016.11 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་བཅས་བྱས།

    2016.11—2016.12 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་བཅས་བྱས།

    2016.12—2017.05 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་བཅས་བྱས།

    2017.05— བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བྱས།

    478624_yis_1517328606209.jpg

    ལྕགས་རྭ་བློ་བཟང་བསྟན་འཛིན།

    ལྕགས་རྭ་བློ་བཟང་བསྟན་འཛིན། སྐྱེས་པ། བོད་རིགས། 1953ལོའི་ཟླ་12པར་སྐྱེས། བོད་ལྗོངས་ལྷ་ས་བ། ཏང་ཤོག་གང་ལ་མི་གཏོཌ་པ། 1956ལོའི་ཟླ་11པར་ལས་ཀར་ཞུགས། ལས་ཐོག་ཆེད་ཚན་སློབ་ཆེན་སློབ་རྒྱུས་ལྡན།

    ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མུས།

    1956.11—1957ལོ། ཆབ་མདོ་བྱམས་པ་གླིང་དགོན་གྱི་ལྕགས་ར་སྐུ་ཕྲེང་བཅུ་གཅིག་པའི་སྤྲུལ་སྐུར་ངོས་འཛིན་བྱས་ཤིང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་ཆབ་མདོ་དོན་གཅོད་ཁྲུའུ་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་བྱས།

    1957ལོ།—1960ལོ། བོད་ལྗོངས་གསོ་རིག་སློབ་གླིང་དུ་བོད་ཡིག་སློབ་སྦྱོང་བྱས།

    1960ལོ།—1964ལོ། བོད་ལྗོངས་ཆབ་མདོ་དགོན་དུ་དཔེ་ཆ་སྦྱངས།

    1964ལོ།—1967ལོ། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་སྲིད་གྲོས་སུ་ལས་ཀ་བྱས(དེའི་རིང་1964.09—1966.08བར། བླ་སྤྲུལ་གྱི་སློབ་སྦྱོང་འཛིན་གྲྭར་ནང་བསྟན་གསུང་རབ་དང་ལོ་རྒྱུས་སློབ་སྦྱོང་བྱས)

    1967ལོ།—1979.12 བོད་རང་སྐྱོང་ལྗོངས་ལྷ་ས་ཨར་སྐྲུན་རུ་ཁག་ཏུ་ཤིང་བཟོ་བ་བྱས།

    1979.12—1980ལོ། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་ལས་གྲྭ་རུ་ཁག་ཏུ་བཟོ་པ་བྱས།

    1980ལོ།—1986.12 བོད་རང་སྐྱོང་ལྗོངས་ཚན་རིག་ཁང་དུ་ལས་ཀ་བྱས།

    1986.12—1998.09 བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ལྷན་ཚོགས་ཀྱི་ལས་འཛིན་པ་བྱས།

    1998.09—2000.06 བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བྱས།

    2000.06—2003.01 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྒྱུན་ལས་གྲོང་སྤྱི་གཞོན་པ(ཐིང་རིམ་པ་རྒན་པ)བྱས།

    2003.01— བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བྱས(དེའི་རིང་2007.09—2010.07བར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་བོད་ལྗོངས་སློབ་གླིང་དུ་སྲིད་འཛིན་དོ་དམ་ཆེད་ལས་སློབ་སྦྱོང་བྱས)

    རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པ་དང་སྐབས་བཅུ་པ། སྐབས་བཅུ་གཅིག་པ། སྐབས་བཅུ་གཉིས་པ་བཅས་ཀྱི་ཨུ་ཡོན་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།