[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཙེང་དབན་མིང་།
  • ཙེང་དབན་མིང་གཞི་རིམ་ཏང་འཛུཌ་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     ཟླ་10ཚེས་6ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩིས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་ཆབ་སྲིད་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ལྷོད་མེད་དང་ཕན་འབྲས་ཐོན་པ་བྱས་ཏེ་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི“དབང་གྲགས་ཆེ་ཤོས་ལྡན་པ་དང་མཐའ་མའི་གྲོས་ཀྱི་རྡོག་ཁ་སྒྲིལ་བའི”དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཆབ་སྲིད་ཐད་ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཏང་ཡོན་ལ“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་གྱིས“སྲུང་སྐྱོབ་གཉིས”ཏན་ཏིག་ཐུབ་པ་བྱེད་དགོས། ཆབ་སྲིད་སློབ་གསོར་རྒྱུན་གཏན་ནས་དམ་འཛིན་ནན་པོ་བྱས་ཏེ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། ཏང་གི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཐོག་མཐར་བར་གསུམ་དུ“ཆབ་སྲིད་ཐད་ཚད་ལོན་པ་དང་། སྒྲིག་ལམ་ལག་བསྟར་ཐད་ཚད་ལོན་པ། ཀུན་སྤྱོད་ཐད་ཚད་ལོན་པ། ནུས་པ་འདོན་སྤེལ་ཐད་ཚད་ལོན་པ”བཅས་ཐུབ་པ་བྱེད་དགོས། ཆབ་སྲིད་སློབ་གསོ་དོན་འཁྱོལ་བྱས་ཚུལ་དེ་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་ལམ་ལུགས་དང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་གཙོ་བོའི་ནང་དོན་ནང་བཅུག་སྟེ་གནོན་ཤུགས་སྤྲོད་པ་དང་སྒུལ་ཤུགས་འཕེལ་བ་བྱས་ནས་ཆབ་སྲིད་སློབ་གསོ་དེ་རྒྱ་ཆེའི་ཏང་ཡོན་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་འགྱུར་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་ཏན་ངང་ལག་བསྟར་བྱས་ནས་ཏང་ཡོན་དཔུང་ཁག་གི་ཆབ་སྲིད་སློབ་གསོ་དེ་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་ཉིན་རེའི་གྲོས་རིམ་གཙོ་བོར་འཇུག་པ་དང་ཏང་འཛུགས་སྐྱོང་གི་ལས་ཀའི་འགན་འཁྲིའི་ལམ་ལུགས་ནང་འཇུག་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་འདོམས་འཆར་འགོད་དང་། མཛུབ་ཁྲིད་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།