[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཙེང་དབན་མིང་།
  • ཙེང་དབན་མིང་མངའ་རིས་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-28

    ཚེས་26ཉིན། མངའ་རིས་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས། དམིགས་ཚད་མཐོ་པོ་དང་སྤུས་ཚད་མཐོ་པོས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་ཡག་པོ་སྒྲུབ་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བོད་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་ཆེད་མངའ་རིས་ཀྱི་འབུལ་འོས་པའི་ལེགས་སྐྱེས་ཕུལ་ནས་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཙེང་དབན་མིང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཆེས་བློ་ཐག་ཆོད་པོའི་རྣམ་འགྱུར་དང་། ཆེས་ནུས་ལྡན་གྱི་བྱ་སྤྱོད། ཆེས་ཏན་ཏིག་གི་བྱེད་ཐབས། ཆེས་གཟབ་ནན་གྱི་བླང་བྱ་བཅས་ལ་བརྟེན་ནས་དག་ཐེར་ལས་དོན་ལ་དམ་འཛིན་བྱེད་དགོས། དག་ཐེར་གྱི་དོན་གནད་ལ་ལྟ་བསྡུར་བྱས་ནས་གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། དག་ཐེར་དོན་འཁྱོལ་གྱི་འཆར་གཞི་དང་། དུས་ཚོད་རེའུ་མིག འགན་འཁྲི་འཁུར་མཁན་བཅས་རིམ་པ་ལྟར་ཞིབ་བཟོ་བྱས་ནས་ལས་དོན་ཁག་དག་ཐེར་དཔྱིས་ཕྱིན་པའི་འགན་ལེན་བྱེད་དགོས། གནད་དོན་གྱི་ཐོ་སུབ་ལམ་ལུགས་ལག་བསྟར་ནན་པོ་དང་། ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་ནན་པོ་བསྲུངས་ཏེ་དག་ཐེར་ལས་དོན་ལ་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཉམས་སད་ཐེག་པའི་འགན་ལེན་བྱེད་དགོས། མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་དག་ཞིང་བརྟན་སྲུང་ཡག་པོ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་མ་གཏོང་དགོས། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་ནན་ཏན་གྱིས་ཏང་ཡོན་སྒྲིག་འཛུགས་དང་། ཤེས་ལྡན་པ་གོང་བུར་སྒྲིལ་བ། མང་ཚོགས་སྐུལ་སློང་བཅས་ཏན་ཏིག་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

    ཙེང་དབན་མིང་གིས། ལྟ་ཞིབ་ཚོགས་ཆུང་གིས་ལས་དོན་རྗེས་སྙེག་བྱེད་ཤུགས་ཆེ་རུ་བཏང་ནས་དག་ཐེར་གྱི་སྤུས་ཚད་དག་ཐེར་ལས་དོན་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩིས་ཏེ་དག་ཐེར་གྱི་གནས་ཚུལ་ལ་རྗེས་སྙེག་དཔྱིས་ཕྱིན་པ་དང་ལྟ་སྐུལ་དཔྱིས་ཕྱིན་པ་བྱེད་པ་དང་། མངའ་རིས་ས་ཁུལ་དང་མཉམ་དུ་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་སྐུལ་འདེད་གཏོང་དགོས་པའི་བླང་བྱའང་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།