[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཙེང་དབན་མིང་།
  • ཙེང་དབན་མིང་བོད་ཀྱི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ལྷོ་ཁའི་ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-27

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ལྗོངས་ཡོངས་ཀྱི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ལྷོ་ཁའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དགོངས་པ་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་། བབ་བསྟུན་འཕྲལ་སྒྲུབ། ངར་ཤུགས་ཆེར་གཏོང་བཅས་བྱས་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་ཐབས་ལམ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ལྷན་དུ་ཞུགས་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་དོད་དྲག་ཚན་ཁག་དང་། ནད་ལྕི་གསོ་རིག་ཚན་ཁག རིག་གནས་ཁྱམས་རིང་། སྨན་ཁང་གི་ལོ་རྒྱུས་ཁང་བཅས་སུ་ལྟ་སྐོར་གནང་བ་དང་། བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་ཀའི་སྙན་སེང་གསན་རྗེས་ཙེང་དབན་མིང་གིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལས་འགན་ཁག་ཞིབ་ཚགས་ཅན་དང་། ཚད་འབེབས་ཅན། ཞིབ་ཕྲ་ཅན་བཅས་ལ་འགྱུར་བ་དང་། དཔྱད་ཞིབ་གདེང་འཇོག་ལམ་སྲོལ་དང་། མ་འཇོག་གི་ལམ་སྲོལ་བརྟན་ པོ་ཡོང་བ་བྱེད་པ། “སྨན་ཁང་ལ་བརྟེན་ནས་ཚན་ཁག་འགན་གཙང་ལེན་པའི”ལམ་སྲོལ། “དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”ལམ་སྲོལ། རང་ཡུལ་གྱི་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ། སྒྱུར་བཅོས་ཟབ་གཏོང་གི་ལམ་སྲོལ། དེང་རབས་སྨན་ཁང་གི་དོ་དམ་ལམ་སྲོལ་བཅས་སྔར་བས་འཛུགས་པ་དང་། འཐུས་སྒོ་ཚང་དུ་བཏང་སྟེ་མང་ཚོགས་ལ་དེ་བས་སྟབས་བདེ་དང་། སྤུས་ལེགས། ཕན་ཆེ་བཅས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། རྒྱབ་ཕྱོགས་ཀྱི་ཐོན་ཁུངས་ཡར་སྐུལ་བྱས་ཏེ་རོགས་སྐྱོར་ཚན་པ་དང་སྨན་ཁང་གི་སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག དོ་དམ་སོགས་ཀྱི་དམིགས་བསལ་གྱི་ལེགས་ཆ་བེད་སྤྱོད་ཡག་པོ་བྱེད་པ་དང་། སྨན་ཁང་གི་རིག་གནས་ནང་དོན་འཛུགས་སྐྱོང་ལ་མཐོང་ཆེན། ཐོན་ཁུངས་གཞི་རིམ་དུ་གཏོང་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས“1+7”སྨན་ཁང་དང་རྫོང་དང་ཆུས་ཀྱི་སྨན་ཁང་གི་མཉམ་འགུལ་ལམ་སྲོལ་འཛུགས་དགོས། སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་རྩ་འཛུགས་པུའུ་ཀྲང་གི་འདུ་འགོད་ཅིག་ལ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། རང་འཁྲིའི་འགན་འཁྲི་གཙང་སྒྲུབ། འཆར་གཞི་མཐར་ཕྱིན་པ་འགོད་པ་བཅས་བྱས་ཏེ་དམིགས་གཏན་འཁེལ་བའི་དམིགས་ཚད་ལས་འགན་དུས་བཀག་ལྟར་མངོན་འགྱུར་ཡོང་བའི་འགན་ལེན་གྱིས་དུས་རབས་གསར་པའི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།