[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཙེང་དབན་མིང་།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སློབ་གསོ་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-21

    ཚེས་17ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ལྷ་སར་སློབ་གསོའི་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ཙེང་དབན་མིང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་སློབ་གསོ་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་དམིགས་བསལ་ཐུགས་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ཙེང་དབན་མིང་གིས་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་དང་། ས་ཁམས་ཁོར་ཡུག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་བཅས་ཀྱི་ཚོད་འཛིན་ཕོག་པར་བརྟེན། བོད་ཀྱི་སློབ་གསོའི་བྱེད་ཐབས་དང་། སློབ་གསོ་དོ་དམ། སློབ་གསོ་འགན་ལེན་བཅས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་དོ་སྙོམས་ཀྱི་སློབ་གསོ་ལོངས་སུ་སྤྱོད་རྒྱུའི་འདུན་པ་དྲག་པོ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད། སློབ་གསོ་པུས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་རྒྱབ་སྐྱོར་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་གྲྭ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ། བོད་ཀྱི་རིམ་ཁག་སློབ་གྲྭའི་ཏང་འཛུགས་སྐྱོང་དང་། སྐད་གཉིས་སློབ་གསོ། ཕྱོགས་བསྡུས་སྒྱུར་བཅོས། ཆ་རྐྱེན་འགན་ལེན། སློབ་ཁྲིད་སྤུས་ཚད་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། བོད་ཀྱི་སློབ་གསོའི་མ་ལག་ཐད་ཤེས་ལྡན་མི་སྣར་བརྟེན་ནས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དང་། ཆེད་དོན་གསོ་སྦྱོང་འཆར་གཞི། བོད་ནས་མིན་པའི་དགེ་འོས་སློབ་མའི་ཁ་ཕྱོགས་གཏན་འཁེལ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་ཐོག་ནས་བོད་ཀྱི་དགེ་རྒན་གྱི་གྲངས་འབོར་མི་འདང་བ་དང་གྲུབ་ཆའི་རང་བཞིན་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། སློབ་གསོའི་ཞབས་ཞུ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་ཀྱི་སློབ་གསོ་དེ་རྒྱལ་ཡོངས་དང་མཉམ་དུ་སློབ་གསོ་དེང་རབས་ཅན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།