[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཙེང་དབན་མིང་།
  • ཙེང་དབན་མིང་གིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-17

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག《དུས་རབས་གསར་པའི་དགོས་མཁོ་དང་འཚམ་པར་བྱས་ནས་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། འདེམས་བསྐོ་བཅས་ཤུགས་ཆེན་བྱེད་དགོས་པའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་འབྲེལ་ཞིབ་ཕྲའི་བྱ་ཐབས་ལ་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་ཡང་གནང་བ་རེད།

    ཙེང་དབན་མིང་གིས་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་འདེམས་བསྐོ་དང་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་པོ་བྱས་ནས་གསོ་སྐྱོང་སྦྱོང་བརྡར་རྨང་གཞིར་བྱེད་པ་དང་། འདེམས་བསྐོ་གནད་འཁེལ་དང་ཡག་པོ་སྤྱོད་རྒྱུ་གཞི་རྩར་འཛིན་པ། དོ་དམ་ནན་པོ་བྱ་རྒྱུ་འགན་ལེན་དུ་བྱེད་པ་བཅས་བྱས་ཏེ་མི་སྣ་འདེམས་སྤྱོད་ཀྱི་མཐོང་རྒྱ་དང་ཐབས་ལམ་རྒྱ་ཆེར་བཏང་ནས་ན་གཞོན་ལས་བྱེད་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་ལས་དོན་ཡག་པོ་སྒྲུབ་མཁས་པའི་ན་གཞོན་ལས་བྱེད་པ་དང་། ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། མཐའ་སྲུང་མཐའ་བརྟན། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། ཉེན་འགོག་གེགས་སེལ་སོགས་དཀའ་ངལ་དང་ཉེན་ཁ་ཆེ་བའི་ལས་འགན་གྱི་མདུན་དུ་མཆོང་ཕོད་པ་དང་ཁ་གཏད་གཅོག་ཐུབ་པའི་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་ཧུར་ཐག་བྱེད་དགོས། “789”ཡི་ན་གཞོན་ལས་བྱེད་པ་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱས་ནས་ཕྱོགས་གང་སྤྱིའི་ཐད་བྱང་ཚད་མཐོ་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པའི་ཕུལ་བྱུང་གི“ལོ་རབས་70ནང་སྐྱེས”ཀྱི་ས་ཁུལ་དང་ཐིང་རིམ་པ་དང་། “ལོ་རབས་80ནང་སྐྱེས”ཀྱི་རྫོང་དང་ཁྲུའུ་རིམ་པ། “ལོ་རབས་90ནང་སྐྱེས”ཀྱི་ཤང་དང་ཁོའོ་རིམ་པ་བཅས་ཀྱི་ན་གཞོན་ལས་བྱེད་པ་ཁག་གཅིག་ཤེས་རྟོགས་དང་། གྲ་སྒྲིག གསོ་སྐྱོང་། བེད་སྤྱོད་བཅས་བྱེད་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་གཉིས་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་སྡོམ་གཉིས་གལ་ཆེ་མཉམ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ན་གཞོན་ལས་བྱེད་པར་ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་ཀའི་ཐད་རྒྱབ་སྐྱོར། ཐོབ་ཐང་ཐད་འགན་ལེན། སེམས་ཁམས་ཐད་དོ་ཁུར་བཅས་བྱས་ནས་སེམས་ཁུར་དང་སྐུལ་ལྕག་གི“འགན་ལེན་དྲ་རྒྱ”བརྟན་པོ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།