[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀྲོང་ཡན།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གིས་ཚང་འཛོམས་ཚོགས་འདུ་འཚོགས་པ།

    ​ ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

     ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་དང་ལས་དོན་གྱི་སྒྲིག་སྲོལ་གཞིར་བཟུང་ཚེས་28ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གིས་ཚང་འཛོམས་ཚོགས་འདུ་འཚོགས་ནས་དཔལ་འབྱོར་སྒྱུར་བཅོས་ཨུ་ལྷན་གཞུང་ལས་ཁང་དང་སྐུལ་སྤེལ་ཚོགས་ཆུང་གི་དུས་མཚམས་གོང་མའི་ལས་དོན་གྱི་འཕེལ་རིམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གསན་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། དབང་ཧའེ་ཀྲོའུ། འཇམ་དཔལ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཟབ་ཏུ་བཏང་ནས་ད་ཐེངས་ཀྱི་ཆེད་དོན་ཚོགས་ཆུང་ལེགས་སྒྲིག་དང་བཟང་སྒྲིག་དང་སླར་ཡང་བཀོད་སྒྲིག་བྱ་རྒྱུ་འགོ་ཚུགས་ས་གསར་པར་བྱེད་པ་དང་།

    དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཁ་ཕྱོགས་སུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དམིགས་ཚད་དུ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ནང་གནས་ཀྱི་བླང་བྱ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་གཅིག་གྱུར་མཐའ་འཁྱོངས། བྱ་སྤྱོད་ཐད་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས། ལྗོངས་ཡོངས་ཀྱི་སྒྱུར་བཅོས་ལས་དོན་སྒྲུབ་རིང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་གཙོ་ཁྲིད་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། རང་ལྗོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་ཆེད། གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས། བརྟན་པོ་དང་། ནུས་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་བརྟན་ལྷིང་གི་མཐའ་ཚད་དམ་འཛིན་ནན་པོ་བྱས་ནས་ཀྲུང་དབྱང་གི་སྒྱུར་བཅོས་དགོངས་དོན་ལག་བསྟར་ནན་ཏན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་ལྗོངས་ཀྱི་དངོས་ཡོད་ཀྱི་ལྗོངས་བབ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རིགས་པས་ཁུངས་སྐྱེལ་གང་ལེགས། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་བཅས་བྱས་ནས། སྒྱུར་བཅོས་ཀྱི་ལས་འགན་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས། ཉམས་མྱོང་ཕྱོགས་སྡོམ་དང་བྱེད་ཐབས་གསར་གཏོད་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་དབྱེ་ཞིབ་དཔྱད་གཅོད་ལ་ཤུགས་སྣོན་བརྒྱབ་ནས་ཉམས་མྱོང་ཕྱོགས་སྡོམ་དང་དོན་དངོས་དང་ཟུང་འབྲེལ། བྱེད་ཐབས་གསར་གཏོད། ཕན་འབྲས་དངོས་ཐོན་པར་དོན་གཉེར་བཅས་བྱེད་དགོས། སྒྱུར་བཅོས་ཀྱི་རྣམ་པ་ཟབ་ཏུ་གཏོང་བ་དང་། སྒྱུར་བཅོས་ཀྱི་བརྗོད་དོན་གཙོ་བོ་དང་དྲང་ནུས་དར་སྤེལ་གཏོང་བ། སྤྱི་ཚོགས་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱེད་པ་དང་འབྲེལ། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།