[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2023-02-03

    ཚེས་1ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། 2023ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་བརྙན་ལམ་བརྒྱུད་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་དམག་དཔུང་གི་དམག་གྲབས་ལས་དོན་ལ་ཞིབ་བཤེར་གནང་བ། ཏང་ཕྱིའི་མི་སྣ་དང་བཞུགས་མོལ་གནང་ནས་དཔྱིད་གསར་དུས་ཆེན་ལ་ལྷན་དུ་བསུ་བ་ཞུ་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་དང་། དྲིལ་བསྒྲགས་པུའུ་ཀྲང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་བཅས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། 《〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་གཙོ་གནད་ལས་འགན་ལས་བགོས་ཇུས་གཞི》བརྡ་ཁྱབ་བཏང་བ། 《〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་གཙོ་གནད་ལས་འགན་ཁག་བགོས་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། དགོངས་པ་གཏིང་ཟབ་པ། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། ཡིད་ཆེས་བརྒྱུད་སྤྲོད་བྱེད་པ། ཆོད་སེམས་མངོན་པ་བཅས་ཡོད་པས། ང་ཚོས་སློབ་སྦྱོང་གཏིང་ཟབ་དང་། གོ་བ་ནན་ཏན་ལེན་པ། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ལེགས་གཏོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རྩ་བའི་དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ཟབ་མོ་བཅས་མཐའ་འཁྱོངས་བྱེད་པ། “ནན་པོ་དང་། གསར་པ། ཞིབ་ཕྲ། ཏན་ཏིག”བཅས་ཀྱི་སྤྱོད་ཚུལ་བཟང་པོ་ཤུགས་ཆེན་གཏོད་པ། དོན་འཁྱོལ་ལ་དམ་འཛིན་ཁ་གསལ་བྱེད་པའི་ཕྱོགས་སྟོན་འཛུགས་པ་བཅས་བྱས་ཏེ། རང་ངོས་གསར་བརྗེའི་རྣམ་པ་གསར་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱ་སྤྱོད་གསར་པར་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནུས་ལྡན་བྱས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་སྨན་བཅོས་དང་སྨན་རྫས་ཀྱི་དགོས་མཁོ་འགན་ལེན་ཡག་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ནད་གཞི་ཚབས་ཆེན་དང་ནད་གཞིས་རྐྱེན་པས་གྲོངས་པའི་གནས་ཚུལ་སྔོན་འགོག་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས་དུས་ཆེན་རིང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། དམངས་འཚོའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱུང་བ་གཙང་སྤྲོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་ནས་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱས་ཏེ་ཆབ་སྲིད་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རྩ་བ་བརྟན་འཛུགས་དང་། མགྲིན་ཚབ་པ་སྟོབས་ཆེར་གཏོང་བ། ངོས་འཛིན་གཅིག་མཐུན་བཅས་བྱས་ནས་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་དང་། དྲིལ་བསྒྲགས་པུའུ་ཀྲང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་བཅས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ། སེམས་ནུས་གཅིག་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཧུར་ཐག་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་བཅའ་ཁྲིམས་ཀྱི་གོ་ཆོད་ནུས་པ་ལྡན་པའི་ཡིག་ཆ་གལ་ཆེན་ཞིག་རེད་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་བརྗིད་ཆེའི་ཁས་ལེན་བྱས་པ་ཞིག་ཀྱང་ཡིན་པས། ངེས་པར་དུ་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཏེ་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་ཐད་སེམས་ནུས་ཡོད་ཚད་འདོན་དགོས། ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་རྒྱག་པ་དང་། རང་འགན་ཐེག་པ་འཁུར་ལེན་མཐའ་གཅིག་ཏུ་བྱེད་པ། བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་དོན་གཉེར་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས། འགན་འཁྲི་ཁག་བགོས་ཁ་གསལ་དང་ཆེད་དོན་ཇུས་གཞིར་ཞིབ་འཇུག་བྱས་ནས་ཞིབ་ཕྲར་དམ་འཛིན་དང་། ཞིབ་ཚགས་ལ་དམ་འཛིན། ཏན་ཏིག་ལ་དམ་འཛིན་བཅས་དངོས་འབྲེལ་བྱེད་དགོས། མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་དུས་ཐོག་དང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ཐུན་མོང་ཐོག་བཞག་པའི“ཁས་ལེན་དམ་བཅའ”ལེགས་པར་སྒྲུབ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།