[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2023-02-01

    ཟླ་1ཚེས་30ཉིན། ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག 《ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དུས་ཚིགས་དང་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་བཀོད་སྒྲིག་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ཀྲང་ཧུང་པོ། ལང་ཧྥུའུ་ཁོན། བསོད་ནམས་ཉི་མ། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། ཀུང་ཧུའེ་ཚའེ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་བསྟན་དོན། དུས་ཚིགས་དང་པོ་ནི་ལོ་ཧྲིལ་པོའི་དཔལ་འབྱོར་གྱི་རླུང་ཕྱོགས་སྟོན་རྟགས་ལྟ་བུ་དང་། མི་སེམས་གཅིག་སྒྲིལ་དང་། ངར་ཤུགས་ཆེར་གཏོང་།རྗེས་སྙེག་ཚད་བརྒལ་བཅས་བྱེད་པའི་དུས་མཚམས་ཡག་ཤོས་ཤིག་ཡིན་པས། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་ཕྱོགས་ཡོངས་ནས་འགན་འཁྲི་ནན་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་དང་ཕན་འབྲས་འདྲི་རྩད་ནན་པོ། འགལ་རྐྱེན་མཐའ་དག་སེལ་བ་བཅས་བྱས་ནས་དུས་ཚིགས་དང་པོའི་འགོ་ཡག་པོ་བཙུགས་ཏེ་གྲུབ་འབྲས་བཟང་པོ་འཐོབ་པའི་བརྩོན་ལེན་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྔོན་དཔག་ལེགས་སུ་གཏོང་བ་དང་གདེང་ཚོད་ཆེ་རུ་གཏོང་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཤིང་། སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་ནས་འགོ་བརྩམས་ཏེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི“ཆེས་མཐའ་མའི་འགག་གནད”བསལ་ཏེ། དཔལ་འབྱོར་བརྟན་པོ་ཡོང་བའི“དོན་ཚན་38”དང“དོན་ཚན་29”ཡི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས། ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཤིང་། ནུས་ཤུགས་ཡོད་རྒུས་གཏིང་ཤུགས་སྔོག་འདོན་དང་། ལས་ཡུན་ཐུང་དུ་གཏོང་བ། འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཁག་གིས་དུས་ཆེན་གྱི་རྗེས་སུ་མགྱོགས་མྱུར་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་བཏང་ནས་སྤྱོད་ནུས་དང་། ལས་མི། མ་དངུལ། ཟོག་འགྲེམས། རིམས་འགོག་སོགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཤིང་། དམངས་འཚོའི་བྱ་བ་དངོས་21དོན་འཁྱོལ་མགྱོགས་སུ་གཏོང་བ་དང་དམངས་འཚོའི་ཚད་འདེགས་དོན་ཚན་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ“སྲིད་ཇུས་ཀྱི་ཁེ་འབབ”སྔ་ས་ནས་ལོངས་སྤྱོད་ཡོང་བར་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཤིང་། དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ལ་སྔ་ཙམ་དམ་འཛིན་དང་དམ་འཛིན་ནན་པོ་བྱས་ཏེ་ལོ་ཧྲིལ་པོའི་གྲོང་གསེབ་དར་རྒྱས་གཏོང་བའི་དོན་ཆེན་ཞིབ་ཚགས་སུ་གཏོང་དགོས། སྡེ་ཚན་ཁག་དབར་མཐུན་སྦྱོར་ཡག་པོ་བྱས་ནས་རྒྱབ་སྐྱོར་ཐོབ་པའི་འགག་སྒྲོལ་དམག་འཐབ་དང་བདེ་འཇགས་འགན་ལེན་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།