[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2023-01-31

    ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    སྤྱི་ཚོགས་རོགས་སྐྱོབ་ཁྲུའུ་དང་། རྒན་གསོ་ཞབས་ཞུ་དང་བྱིས་པའི་ཕན་བདེ་ཁྲུའུ། སྲིད་འཛིན་ས་ཁོངས་དང་ས་མིང་དོ་དམ་ཁྲུའུ་བཅས་སུ་ཡན་ཅིན་ཧའེ་ཡིས་འཐབ་ས་དང་པོའི་ལས་བྱེད་པ་དང་ལས་བཟོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། མ་མཐའི་འཚོ་བ་འགན་ལེན་དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་ལག་བསྟར་བྱས་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དམངས་སྲིད་ལས་དོན་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད། ལས་དོན་དེ་ཡག་པོ་བསྒྲུབས་ཚེ་སྤྱི་ཚོགས་ཧྲིལ་པོ་གཞི་ནས་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་ཐུབ་པ་དང་། གཞི་ནས་དཔལ་འབྱོར་དེ་བས་ལེགས་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས། དམངས་འཚོའི་ལས་ཀའི་ཆུ་ཚད་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་དམངས་སྲིད་ཀྱི“བརྟན་ལྷིང་ཡོང་ཐབས”ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་འགན་ལེན་གྱི་མཐའ་ཚད་བརྟན་པོར་སྲུང་བ་དང་དམངས་ཕན་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་བྱས་ནས་མི་སེར་ལ་སྔ་ཙམ་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་པ་དང་། ཐུགས་ཁུར་དང་གཟིགས་སྐྱོང་དང་རང་སྟོབས་རང་སྤེལ་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་དང་རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱེད་དགོས། “ལྟོ་གོས་ལ་འགན་ལེན”དང་“བསམ་བློར་སྟངས་འཛིན”དབར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱས་ནས། མི་སེར་ཚོར་ཕན་པ་གང་ནས་ཐོབ་པ་དང་བཀའ་དྲིན་སུ་ལ་འཇལ་དགོས་ལུགས་ཤེས་སུ་འཇུག་དགོས། གཞི་རིམ་བཅོས་སྐྱོང་གསར་གཏོད་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། མི་འདང་བའི་ཆར་བསམ་གཞིག་ནན་ཏན། ཆེད་དོན་བརྟག་དཔྱད་ཞིབ་འཇུག་བཅས་བྱས་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་ཇུས་གཞི་འདོན་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྒྱུར་བཅོས་ལ་སྣེ་ཁྲིད་ཏན་ཏིག་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་སྡེ་ཁུལ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་ཞབས་ཞུར་དམ་འཛིན་ཡག་པོ་བྱས་ནས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲུབ་འབྲས་ཉམས་མྱོང་དཔྱད་གཞིར་འཛིན་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྨན་བཅོས་དང་། ལུས་གསོ། འཚོ་བ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྒྲིག་གཞི་དང་སྡེ་ཁུལ་གྱིས་མཉམ་དུ་ཤུགས་རྒྱག་དགོས། སྤྱི་ཚོགས་ཅན་གྱི་རྒན་གསོའི་སྒྲིག་གཞིར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་དམངས་འཚོའི་འགན་སྲུང་དྲ་བ་བརྟན་དུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།