[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཏང་ཙུའི་2023ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2023-01-19

    ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཏང་ཙུའི་2023ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ། འཕྲིན་ལན། མཛུབ་སྟོན་གྱི་དགོངས་པ་བཅས་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་བ། གསར་དུ་བསྐོ་གཞག་བྱས་པའི་སྲིད་གཞུང་གི་ཚན་ཁག་ཁོངས་མིའི་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ། སྐབས་གསར་པའི་སྲིད་གཞུང་གི་ལས་འགན་ཕྱོགས་ཡོངས་ནས་སྒྲུབ་འགོ་ཚུགས་པ་རེད།

    ཡན་ཅིན་ཧའེ་ཡིས་སྐབས་གསར་པའི་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།

    ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་བསྟུན་འཕེལ་རྒྱས་བཏང་ནས། ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། ཆབ་སྲིད་ཀྱི་འགན་སེམས་སྐྱེ་ཐུབ་པ། ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་ཐུབ་པ་བཅས་བྱས་ཏེ། ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་ནུས་དང་། ལས་སྒྲུབ་ལས་གཏོད་ཀྱི་ལག་བསྟར་བྱེད་ནུས། ལས་ཀ་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་གསར་གཏོད་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཙོ་གནད་དམ་འཛིན་དང་ཤུགས་སྣོན་ཆད་མེད་བརྒྱབ་སྟེ“འཛུགས་གཏོད་བཞིའི”གཙོ་རྐང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་རྩ་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཆབ་སྲིད་ཀྱི་བདེ་འཇགས་དང་། སྐྱེ་ཁམས་ཀྱི་བདེ་འཇགས། ཐོན་སྐྱེད་ཀྱི་བདེ་འཇགས་བཅས་ཀྱི་མཐའ་ཚད་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་འགན་སྲུང་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བརྒྱུད། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཉམ་སྡེབ་ཧུར་ཐག་གཏོད་དགོས། ཁ་བཤད་ལག་བསྟར་དང་། གོ་སྐབས་བརྩོན་ལེན། འགན་འཁྲི་དམ་ནན། མཐུན་སྦྱོར་ལ་ཤུགས་སྣོན། དཔྱད་ཞིབ་ལ་དམ་འཛིན་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང“མིག་དཔེ་དྲུག”དང“ངེས་པར་དུ་བརྒྱད”བྱེད་ཐུབ་པ་བྱས་ནས་སྐབས་གསར་པའི་སྲིད་གཞུང་ལས་དོན་གྱི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།