[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉི་ཤུ་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-09

    ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉི་ཤུ་པ་སླེབས་ཉེའི་མཚམས་སུ་ཚེས་7ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉི་ཤུ་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གསར་འགྱུར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་ཚང་མས་དུས་ཡུན་རིང་པོར་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེ་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཚོགས་འདུའི་ཐོག་མི་དམངས་ཉིན་རེའི་ཚགས་པར་ཁང་བོད་ལྗོངས་ཡན་ལག་ཁང་གི་ཧྲེ་ཀྲང་ཏེང་ཅན་ཧྲེང་དང་། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་གི་གསར་འགོད་པ་ཁྲེན་ཧྲང་ཚའེ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ལྗོངས་གསར་འགོད་པའི་ས་ཚིགས་ཀྱི་ཀྲན་ཀྲང་ཁྲེན་ཆིན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་སྨྱན་སྦྱོར་གསར་པའི་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཐའོ། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྙན་སྒྲོན་པ་བློ་བཟང་རྣམ་རྒྱལ། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཚེ་རིང་ལྷ་མོ་བཅས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་འགྱུར་ལས་དོན་ཡག་པོ་བསྒྲུབ་པའི་མྱོང་ཚོར་དང་ཉམས་མྱོང་གླེང་བ་རེད། 

    ཝུའུ་དབྱིང་ཅེས་གསར་འགྱུར་ལས་དོན་པའི་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་ཞོར་དུ་ཚང་མ་དང་སྤེལ་རེས་ཡང་ཡང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྨྱན་སྦྱོར་ལས་དོན་པས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། ས་མཐོར་གཞིས་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེལ་ཕུལ་ནས་བསམ་ཚོད་བྱེད་དཀའ་བའི་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོ་བརྟན་སྲུང་དང་། འཐབ་ས་དང་པོར་ལེགས་སྐྱེས་ཕུལ་བ། འཐབ་ས་དང་པོར་འབད་འཐབ་བྱེད་པ་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་གཞུང་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་དང་དཀའ་སྤྱད་འབད་འཐབ་ཀྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་གཏོད་པ་དང་བསམ་པའི་སྒུལ་ཤུཌ་ཆེན་པོ་མཁོ་འདོན་བྱས་ཡོད་ལུཌ་བསྟན་གནང་བ་རེད། 

    ཝུའུ་དབྱིང་ཅེས་གཅིག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་ཁ་གསལ་བའི་ཆབ་སྲིད་ཀྱི་ཚད་གཞི་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་བརྩིས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འཚོ་བ་གསར་པ། འགྱུར་ལྡོག་གསར་པ་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཁས་མཛངས་ལྡན་པའི་བློ་གྲོས་དང་བྱས་རྗེས་རླབས་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས“ཕན་པ་སུ་ལ་ཐོབ་པ་དང་ཕན་པ་གང་ནས་བྱུང་བ”དངོས་འབྲེལ་ཚོར་ཐུབ་པ་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གི་གནས་བབ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་ཀྱིས“མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། 

    གཉིས་ནས་ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་བྱེད་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་། འགོ་འཛུགས་ས་དང་དོན་ལ་བབས་སར་དམ་འཛིན་ནན་པོ་བྱས་ཏེ་དྲང་ནུས་དར་སྤེལ་གཏོང་བ་དང་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཏེ་བོད་འདི་ཉིད་གནའ་སྔ་མོ་ནས་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས། ཀྲུང་ཧྭའི་རིག་གནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཀྱི་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པ་བྱས་ཏེ་རང་རྟོགས་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས། 

    གསུམ་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ་འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མང་ཚོགས་ལ་ཞབས་འདེགས་དང་དྲིལ་བསྒྲགས་དེ་བས་ལེགས་པ་ཞུ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་པོ་ཡོང་བ་བྱས་ཏེ་མང་ཚོགས་ཀྱི་ལས་དོན་དང་འཚོ་བའི་གནས་ཚུལ་མང་པོ་འགོད་པ་དང་། གཞི་རིམ་གྱི་དཔེ་མཚོན་དང་མང་ཚོགས་ཉེ་འགྲམ་གྱི་གནས་ཚུལ་ཤེས་རྟོགས་མང་ཙམ་བྱེད་པ། རང་རེའི་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་གཏམ་རྒྱུད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ཀྱི་རླབས་ཆེའི་ལག་ལེན་ཁྲོད་ཀྱི་གཏམ་རྒྱུད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འཐབ་བྱས་ནས་ཕུགས་འདུན་སྒྲུབ་པའི་གཏམ་རྒྱུད་བཅས་མང་ཙམ་བརྗོད་པ། མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་ཀྱིས་དུས་རབས་གསར་པར་དྲིན་གཟོ་དང་འབད་འབུངས་བྱེད་པ་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བྱེད་ཕྱོགས་སྟངས་འཛིན་བྱས་ཏེ། གསར་གཏོད་རང་བཞིན་ལྡན་པའི་ལས་དོན་སྤེལ་བ་དང་སྲོལ་རྒྱུན་གྱི་སྨྱན་སྦྱོར་ཡག་པོ་སྤྱོད་པ་དང་། གསར་དར་སྨྱན་སྦྱོར་སྟངས་འཛིན་བྱེད་པ། དྲིལ་བསྒྲགས་བྱེད་ཐབས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་དང་རིམ་པ་མང་བའི་གཙོ་རྒྱུན་གླེང་ཕྱོགས་ཀྱི་འཐབ་ས་བསྐྲུན་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཕྱར་བ་གྲུ་འདེགས་ཀྱིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་དང་སྒུལ་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་སྒྲིལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    ཝུའུ་དབྱིང་ཅེས་ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་། དོ་དམ་དབང་ཆ། སྐད་ཆ་ཤོད་དབང་བཅས་སྟངས་འཛིན་ནན་པོ་བྱེད་དགོས། གསར་འགྱུར་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་འགྱུར་ལས་དོན་པར་ཐུགས་ཁུར་དང་བྱམས་སྐྱོང་བྱས་ནས་གསར་འགྱུར་སྨྱན་སྦྱོར་དང་གསར་འགྱུར་ལས་དོན་པར་ལས་ཀའི་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་གཏོད་དགོས། གསར་འགྱུར་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དམིགས་སའི་རང་བཞིན་དང་། འཚམ་མཐུན་རང་བཞིན། ཡིད་དབང་འགུགས་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར། ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོ་བཅས་ཀྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།