[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ་འཚོགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱ་གར་ལ་ཕེབས་ནས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པ་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པར་ཞུགས་སྐབས་དང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་སྐབས་ཀྱི་དགོངས་དོན་གཙོ་བོ་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

    ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-16

    ཟླ་10ཚེས་14ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱ་གར་ལ་ཕེབས་ནས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པ་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པར་ཞུགས་སྐབས་དང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་སྐབས་ཀྱི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ། བློ་མཐུན་ཧུའུ་ཁྲུན་ཧྭ་ཡིས་བོད་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ། རྒྱལ་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བཅས་གནང་བ་དང་རང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པ་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པར་ཞུགས་སྐབས་དང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་རིང་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོར་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཚན་རིག་དང་མཐུན་པའི་སྙིང་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་སྤྱོད་ཀྱི་གྲོས་འགོའི་དོན་སྙིང་གལ་ཆེན་དང་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ངོས་འཛིན་གང་ལེགས་བྱེད་པ། བོད་ཀྱི་ལས་དོན་དེ་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་བྱེད་པ། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། རང་ངོས་ཀྱི་རང་འཁྲིའི་ལས་ཀ་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གནས་བབ་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། མཐའ་འཁོར་གྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་གཞོགས་འདེགས་ཀྱིས་རྒྱ་གར་དང་ནེ་པ་ལའི་རིམ་པ་ཁག་དང་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་རང་འགུལ་ངང་ཧུར་ཐག་ཞུགས་དགོས་པ་དང་། ཇུས་གཞི་ཞིབ་ཚགས་སུ་དང་། འགན་འཁྲི་གསལ་བཟོ། རང་འགུལ་གྱི་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱེད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ནེ་པ་ལའི་རྨང་གཞིའི་སྒྲིག་བཀོད་དང་།སློབ་གསོ། སྨན་བཅོས། ནུས་རྒྱུ། ཐོན་སྐྱེད་དང་འཚོ་བའི་དངོས་རྫས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་སྒོས་གོ་བ་ནན་ཏན་བླངས་ཏེ། དུས་རབས་གསར་པའི་བོད་ཀྱི་ལོ་ཆུང་གདོང་ལེན་རུ་མིའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པ་ལས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་སླར་ཡང་མཚོན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཐག་གཅོད་དམིགས་ཚད་ལ་དམ་པོར་དམིགས་ཏེ་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་སྒྲུབ་བཅས་མཐའ་འཁྱོངས་ཀྱིས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་ལས་དོན་མང་ཙམ་དང་ཡང་རྩེའི་སྒང་ལ་ཡས་སྒྲོན་རྒྱག་པ་ལྟ་བུའི་ལས་ཀ་ཉུང་ཙམ་བསྒྲུབས་ནས་མང་ཚོགས་དབུལ་པོ་རྒྱུན་མཐུད་དང་བརྟན་པོའི་སྒོ་ནས་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་ཕན་འབྲས་སྲ་བརྟན་དུ་ཏན་ཏིག་བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་དང་ལེ་ལག་ཚང་བའི་ཞབས་འདེགས་ཇུས་འགོད་བྱས་ཏེ་གྲོང་གསེབ་དར་རྒྱས་དང་། མཐའ་མཚམས་འཛུགས་སྐྲུན། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ། བློ་སྐྱོར་དང་རིག་སྐྱོར་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གོམ་སྟབས་གཅིག་མཚུངས་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་དབུལ་པོར་བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་འགྱུར་ལྡོག བཀའ་དྲིན་དྲན་བཞིན་འབད་འབུངས་བྱེད་པ། རང་སྟོབས་རང་སྤེལ་བཅས་བྱས་ནས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ཏེ་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་དགོས་པའི་སློབ་གསོ་རྒྱག་དགོས་པ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་གསོན་ཉམས་དོད་པའི་དཔེ་མཚོན་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟེན་ནས་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་དངོས་སུ་ངོས་འཛིན་ཐུབ་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་སེམས་ཐག་གཙང་བཅད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཐོག མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བཟའ་བཅའི་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ཡག་པོ་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིར་དམ་འཛིན་ཡག་པོ་དང་རང་འགུལ་ངང་ཕྲག་ཏུ་ཁུར་ནས། བྱེད་ཐབས་ཁག་དོན་འཁྱོལ་ཚགས་ཚུད་བྱེད་པ་དང་ལྷུ་ཚིགས་ཁག་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཐོག མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག ལས་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ཁག་ལག་ལེན་ནན་པོ་བསྟར་བ་དང་འབྲེལ། འཐུས་སྒོ་ཚང་དུ་བཏང་སྟེ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། ཡོ་བསྲང་ནན་པོ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལས་བྱེད་པའི་དཔྱད་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་དཔྱད་ཞིབ་ཀྱི་དངོས་ཡོད་རང་བཞིན་དང་འཕྱུགས་མེད་རང་བཞིན་ཤུགས་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།