[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཆེ་དགྲ་ལྷ་དང་ཏིང་ཡེ་ཤན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-12

     ཟླ་10ཚེས་8ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་རེད། 

    སྤེན་པ་བཀྲ་ཤིས་དང་། ཧོ་ཝུན་ཧའོ། ལིའུ་ཅང་། དབང་ཧའེ་ཀྲོའུ། ཀྲང་ཧུང་པོ། ཐུབ་བསྟན་འཕྲིན་ལས་བཅས་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཕེབས་ཡོད་པ་རེད། 

    ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་། ཀྲུང་དབྱང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་སྲོལ》དང《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ལས་དོན་ཞིབ་སྲོལ》སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་གྲོས་འཆམ་བྱུང་བ་རེད། 

    ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་པའི་དྲ་འཕྲིན་ལས་དོན་གྱི་ཁྱད་ཆོས་གསར་པ་དང་། འཕེལ་ཕྱོགས་གསར་པ། ཆོས་ཉིད་གསར་པ་བཅས་སྟངས་འཛིན་འཕྱུགས་མེད་གནང་སྟེ་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་གཙོ་སྐྱོང་གནང་བ་དང་། གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་བཅས་ལས་ང་ཚོས་དུས་རབས་གསར་པའི་དྲ་འཕྲིན་ལས་དོན་ཡག་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། 

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་དྲ་འཕྲིན་ལས་དོན་གྱི་གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་ནས་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་བཏང་སྟེ་དུས་རབས་གསར་པའི་རང་ལྗོངས་ཀྱི་དྲ་འཕྲིན་ལས་དོན་ལ་འཕེལ་རིམ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཤུགས་ཆེར་བཏང་སྟེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དམ་དུ་དང་ནན་དུ་བཏང་ནས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་གྱི་འགོ་ཁྲིད་བྱེད་དབང་དང་སྐད་ཆ་ཤོད་དབང་ལ་སྟངས་འཛིན་ཡང་དག་བྱེད་དགོས་པ། དྲ་ཐོག་གི་དྲང་ཕྱོགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དར་ཆ་གསལ་སྟོན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས། རིན་ཐང་གཉེར་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་སྔར་བས་གཅིག་སྡུད་བྱེད་དགོས་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་འབབ་སར་མཐའ་འཁྱོངས་ཀྱིས་ཆ་འཕྲིན་ཅན་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པ། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་མགྱོགས་སུ་བཏང་ནས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱ་རྒྱུ་ཞིང་འབྲོག་ཁུལ་དང་། ཐག་རིང་ལུང་ཁུག་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་སུ་གཟིགས་སྐྱོང་བྱས་ཏེ། ཆ་འཕྲིན་དང་དྲ་རྒྱ་ཡོངས་ཁྱབ་ཐུབ་པར་བྱས་ཐོག་གཞི་རིམ་གྱི་དྲ་རྒྱ་འབྲེལ་མཐུད་བྱེད་ནུས་ཆེ་རུ་ཧུར་ཐག་གཏོང་དགོས་པ། དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲ་རྒྱའི་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཐོག དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དྲ་རྒྱའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།