[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • བོད་ལྗོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    652764_yis_1565844473087.jpg

    འདི་ནི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བཞིན་པ།

    652763_yis_1565844472787.jpg

    འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་ཡིན་པ།

    ཚེས་14ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པ་བཅས་ཀྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དར་རྒྱས་གཏོང་བ། ཉེན་རྟོག་པ་ནན་སྐྱོང་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཉེན་རྟོག་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་སྐྱོད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་འགན་ལེན། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བཅས་ཀྱི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་སྐྲུན་པ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་ཆེད་དེ་བས་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས། རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་བདེའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་སྤྱི་བདེའི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ནང་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་བཏོན་པ་དང་ཐབས་ཇུས་གསར་པ་དང་བཀོད་སྒྲིག་གསར་པ་གནང་ནས་ང་ཚོས་སྤྱི་བདེའི་ལས་དོན་ལེགས་པར་སྒྲུབ་ཆེད་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྤྱི་བདེ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་རྗེས། ཝུའུ་དབྱིང་ཅེས་ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱས་ཏེ“གྲི་ཡུ”ཏང་དང་མི་དམངས་ཀྱི་ལག་ཏུ་དམ་པོར་བཟུང་བའི་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་རྟོག་པ་ཡོངས་ལ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། ལྷག་བསམ་རྣམ་དག་དང་། བློ་དཀར་སེམས་དཀར། རྦད་དེ་བློས་འགེལ་ཆོག་པ་བཅས་ཀྱི་སྤྱི་བདེ་དཔུང་ཁག་གི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་གནས་པར་བྱེད་པའི་སློབ་གསོ་རྒྱུན་མཐུད་རྒྱག་དགོས་པ་དང་། གཉིས་ནས་བསམ་བློའི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་རྟོག་པ་ཡོངས་ཀྱི་དད་མོས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་བློའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱས་ཏེ་བསམ་བློའི་ཐོག་གི་ཚད་མཐོའི་མཐུན་སྒྲིལ་དང་གཅིག་གྱུར་ལས་བྱ་སྤྱོད་ཐོག་གི་འགྱུར་མེད་ནུས་ལྡན་འགན་ལེན་བྱེད་དགོས་པ། གསུམ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་གིས་འགོ་འཁྲིད་ཆབ་སྲིད་དང་། བསམ་བློ། རྩ་འཛུགས་སོགས་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་ཐབས་ཇུས་དང་། ལག་བསྟར། ལྟ་སྐུལ་སོགས་ཀྱི་ལྷུ་ཚིགས་ཚང་མའི་ཐད་དོན་འཁྱོལ་བྱས་ནས། ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་དུས་རབས་གསར་པའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་འགོ་འཛུགས་ས་དང་དོན་ལ་བབས་ས་སྟངས་འཛིན་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འདི་ཡག་པོ་འཁུར་བ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བྱེད་པ། སྤྱི་བདེའི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་མིག་སྔར་རྟེན་འབྲེལ་ཆེ་མོའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ང་ཚོས་རྟེན་འབྲེལ་ཆེ་མོའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་དེ་ལས་དོན་མཐའ་དག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་གནས་བབ་ཨང་དང་པོར་འཇོག་དགོས་ཤིང་། “བརྟན་ལྷིང”ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐམས་ཅད་བརྟན་ལྷིང་ལ་བརྩི་སྲུང་ཞུ་བ་དང་ཐམས་ཅད་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཆང་བ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་རིང་གི་ཉམས་མྱོང་བཟང་པོ་དང་སྤྱོད་ཚུལ་བཟང་པོར་ཕྱོགས་སྡོམ་དང་ཡག་པོ་སྤྱོད་པ། ཏང་གི་འགོ་ཁྲིད་དང་གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཞིབ་ཕྲ་བཟོ་བ། དགོན་སྡེ་དོ་དམ་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གསེད་བཀྲོལ་དང་གྲལ་བཤེར་བྱེད་པ། རྟེན་འབྲེལ་ཆེ་མོའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གྲ་སྒྲིག་ཨང་གསར་དང་འགོག་སྲུང་ནན་པོ་བྱེད་པ་བཅས་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་བརྟན་ལྷིང་འཆམ་མཐུན་དང་སྤྲོ་སྣང་གིས་ཁེངས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱ་རྒྱུའི་ཐད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་དོན་དུ་སྤྱི་བདེ་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། བརྒྱུད་བསྒྲགས་སློབ་སྦྱོང་སྒྲིག་འཛུགས་མགྱོགས་མྱུར་བྱས་ནས་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། མི་རེ་ངོ་རེ་བཞིན་དམ་འཛིན་དང་དོན་འཁྱོལ་ཡག་པོ་བྱས་ཏེ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཏན་ཏིག་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་ནས་ཞིབ་ཕྲའི་ལས་འགན་དང་ལས་བགོས་ལ་བརྟེན་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་། བརྟན་ལྷིང་། ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གྲོང་ཨུད་དང་ས་ཨུད་7གྱི་ཧྲུའུ་ཅིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམིགས་ནས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།