[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་དང་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་གནང་བ་དང་འབྲེལ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད་འབྲེལ་ཡོད་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

    བོད་ལྗོངས་ལག་རྩལ་སློབ་གླིང་དང་། རང་སྐྱོང་ལྗོངས་སྨན་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་གྱི་སྙན་སེང་གསན་རྗེས་ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་མིག་སྔའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་འཕེལ་རིམ་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་འབྲེལ་རྣམ་གྲངས་མགྱོགས་མྱུར་བསྐྲུན་པ་དང་ཕན་ཡོད་མ་འཇོག་མང་དུ་གཏོང་རྒྱུ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆེས་ཐད་ཀ་དང་ཆེས་ནུས་ལྡན་གྱི་བྱེད་ཐབས་དང་ཐབས་ལམ་ཞིག་ཡིན་ལ་ལས་ཞུགས་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད། 

    ཁོང་གིས་གསུངས་དོན་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་རྒྱུར་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་འཇོག་པའི་འཐབ་ཇུས་གནས་བབ་གལ་ཆེན་གྱི་ཐོག་བཞག་ནས་བསམ་གཞི་ཇུས་འགོད་བྱེད་པ་དང་། རྣམ་གྲངས་གལ་ཆེན་མགྱོགས་མྱུར་བསྐྲུན་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། བློ་བརྟན་འགྱུར་མེད་ཀྱིས་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཕན་འབྲས་ཐོན་ཐུབ་པ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས་པ་དང་། 

    གཉིས་ནས་ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་བྱེད་ཐབས་གསར་གཏོད་ཀྱིས་ལས་ཡུན་ལྡོག་སྒྲིག་དང་། འཆར་གཞི་བཀོད་ནས་ལས་དོན་སྒྲུབ་པ། བྱེད་ཐབས་ནུས་ལྡན་སྤྱོད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་བོད་ལ་གཏན་འཁེལ་གནང་བའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། 

    གསུམ་ནས་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་ཡག་པོ་བསྒྲུབས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་སྒྲིག་བྱེད་དགོས། སྒྲིག་ཁྲིམས་དང་། སྒྲིག་སྲོལ། ཁྲིམས་སྲོལ་བཅས་གཞིར་བཟུང་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་སྒྱུར་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་སྤེལ་བ། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་སྔར་བས་ཉུང་དུ་གཏོང་བ། དམིགས་བསལ་ལས་དོན་དམིགས་བསལ་གྱིས་སྒྲུབ་རྒྱུ་མཐའ་འཁྱོངས། ཞིབ་མཆན་འགོད་སྟངས་ལེགས་སུ་གཏོང་བ། ཞིབ་མཆན་གྱི་བརྒྱུད་རིམ་བཟང་སྒྲིག་བཅས་བྱས་ནས་སྲིད་འཛིན་ཞིབ་མཆན་གྱི་ལས་ཕྱོད་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཏན་ཏིག་གཏོང་དགོས། 

    བཞི་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་འགན་ལ་སྤྱི་འདོམས་བྱས་ཏེ་སྐུལ་འདེད་གཏོང་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་རང་སྐྱོང་ལྗོངསས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་བཀོད་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། 

    ལྔ་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཛུགས་སྐྲུན་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལྟ་བཤེར་གྱི་གཙོ་གནད་ནང་དོན་ལ་བརྩིས་ནས་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ཁག་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ལྷག་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས། 

    ཝུའུ་དབྱིང་ཅེས་ད་དུང་ཉེ་དུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ནན་བཤད་དང་བཀོད་སྒྲིག་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།