[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གསུམ་པས་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ལ་ཆེད་དོན་སྐོར་གཟིགས་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-23

    560268_yis_1540179828863.jpg

    ཟླ་10ཚེས་19ཉིན་གྱི་སྔ་དྲོར་ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གསུམ་པས་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ལ་ཆེད་དོན་སྐོར་གཟིགས་བྱེད་པའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ། 

    སྐོར་གཟིགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། 2018ལོའི་ཟླ་10ཚེས་19ཉིན་གྱི་སྔ་དྲོར་ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གསུམ་པས་བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ལ་ཆེད་དོན་སྐོར་གཟིགས་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་མ་འཚོག་གོང་། ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷར་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་ཞུ་བྱས་པ་དང་སྦྲགས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་སྐོར་བརྡ་ཁྱབ་ཀྱང་བཏང་བ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་སུན་ཡེ་ཀང་གིས་སྤེལ་ཉེར་ཡོད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལས་དོན་ཐད་གསུང་བཤད་གནང་བ་མ་ཟད། སྐོར་གཟིགས་ལས་དོན་ལ་གཞོགས་འདེགས་བྱས་ནས་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱའང་བཏོན་གནང་བ་རེད། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རྣམ་འགྱུར་སྟོན་པའི་གསུང་བཤད་ཀྱང་གནང་བ་རེད།

    ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་གཞོན་པ་དང་འབྲེལ་ཡོད་བློ་མཐུན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་གཞུང་དོན་ཐིང་གི་འགན་འཁུར་བློ་མཐུན་གཙོ་བོ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། ལྗོངས་ཏང་ཨུད་སྐོར་གཟིགས་གཞུང་དོན་ཁང་གི་ཚན་ཁག་གི་ཁོངས་མི། སྐོར་གཟིགས་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྒན་གཞོན། ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཚན་ཁག་གི་ཁོངས་མི། ལྗོངས་སྐོར་གཟིགས་ལས་དོན་འབྲེལ་གཏུག་ཚོགས་ཆུང་དང་འགན་ནུས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་རྒན་གཞོན་བཅས་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་ལ་ཡན་ལག་ཚོགས་ར་བཙུགས་ཡོད། 

    སུན་ཡེ་ཀང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཆེད་དོན་སྐོར་གཟིགས་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་མཚོན་ཚུལ་ཞིབ་ཕྲ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་བཅས་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཆེད་དོན་སྐོར་གཟིགས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཅངས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་སྐོར་གཟིགས་ལས་དོན་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་པ། ཤུགས་ཕྱོགས་གཅིག་ཏུ་བརྒྱབ་སྟེ་ཏང་ཀྲུང་དབྱང་གིས་སྤྲད་པའི་ཆེད་དོན་སྐོར་གཟིགས་ཀྱི་ལས་འགན་མཉམ་དུ་ལེགས་པར་སྒྲུབ་དགོས། ཀྲུང་དབྱང་གི་བླང་བྱ་རང་རྟོགས་ངང་ཚད་གཞིར་བཟུང་ནས་ས་ཁུལ་དེ་གའི་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་སུ་ལྷག་པའི་གནད་དོན་དང་མི་འདང་བའི་ཆ་རང་འགུལ་ངང་འཚོལ་ཞིང་ཆ་ལག་ཚང་བའི་ངང་གསེད་བཀྲོལ་བྱས་ཏེ་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ། འཕྲལ་མར་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་བྱེད་པ། ཟུར་བསྟན་ལེབ་མཐོང་། སྐྱོན་ཆ་གསབ་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་ཆེད་དོན་སྐོར་གཟིགས་གོ་སྐབས་སུ་བྱས་ནས་རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    སུན་ཡེ་ཀང་གིས། དབུལ་སྒྲོལ་འགག་སྒྲོལ་ལ་ཆེད་དོན་སྐོར་གཟིགས་བྱེད་པ་ནི་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་དང་ལས་དོན་ལ་སྐུལ་འདེད་གཏོང་བ་ཞིག་ཡིན་པ་དང་དེས“འགན་འཁྲིར”དམ་འཛིན་ནན་པོ་དང“འགག་རྩ་ཉུང་ཤས”ལ་བསྡིགས་པའི་ཁར་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་དང་། ཏང་ཨུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་འགན་འཁྲི་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་བྱེད་པའི་འགན་འཁྲི་དོན་འཁྱོལ་བཅས་ཀྱི“དོན་འཁྱོལ་བཞིར”དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་། ཆེད་དོན་སྐོར་གཟིགས་བྱེད་པར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་གཙོ་གནད“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་། མཛུབ་སྟོན། མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་བལྟས་ཏེ། སྐོར་གཟིགས་ཚོགས་ཆུང་ནས་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་འཁུར་བ་ཆབ་སྲིད་ཀྱི་མཐོ་ཚད་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་ཏང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་གཙང་སྒྲུབ་ཀྱི་གནས་ཚུལ་ལ་བལྟས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཏན་ཏིག་དང་། དབུལ་སྒྲོལ་བརྒྱུད་རིམ་བརྟན་པོ། དབུལ་སྒྲོལ་བྱས་འབྲས་དོན་དངོས་བཅས་ཡོང་བར་འགན་ལེན་བྱེད་དགོས་པ། “མིག་དཔེ་གསུམ”གྱི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཀྲུང་དབྱང་ཚན་པས་དབུལ་སྒྲོལ་འགག་སྒྲོལ་ལས་འགན་གཙང་སྒྲུབ་ཀྱི་གནས་ཚུལ་ལ་བལྟས་ཏེ། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྤེལ་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་འགན་འཁྲིའི་གནས་ཚུལ་ལ་བལྟས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་དོན་འཁྱོལ་བྱེད་རིང་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་སྒྲུབ་ཕྱིར་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་ལེན་ནུས་ལྡན་ཞིག་ཡོང་བར་བྱེད་དགོས་པ། མང་ཚོགས་ཀྱི་ཐོབ་ཚོར་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལྟ་སྐུལ་ཞིབ་བཤེར་སྣ་ཚོགས་བྱེད་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་གྱི་དག་ཐེར་དང་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་བལྟས་ཏེ། སྔར་ཡོད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་སྔར་བས་སྲ་བརྟན་དང་གཏིང་ཟབ་ཡོང་བར་བྱེད་དགོས་པ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གནས་ཚུལ་ལ་བལྟས་ཏེ། དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་སྒྲུབ་ཕྱིར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་ཡོང་བར་བྱེད་དགོས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཚུལ་ལ་བལྟས་ཏེ་ས་ཁུལ་དབུལ་པོའི་གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་ཉམས་ཞན་དང་། ཕྱི་ཚུལ་ཙམ། མཐར་ལྷུང་བ་བཅས་ཀྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། རིམ་པ་བཞིན་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་སྤེལ་ཚུལ་ལ་བལྟས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་གཅིག་སྡུད་འགག་སྒྲོལ་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། མི་དམངས་ལྟེ་བར་བྱེད་པའི་སྤྱི་ཁྱབ་ཧྲུའུ་ཅིའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དམངས་འཚོ་ལེགས་བཅོས། མི་སེམས་གཅིག་སྦྲེལ་ལ་བཅས་ཀྱི་བྱེད་ཐབས་གལ་ཆེན་བཅས་རེད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཆེད་དོན་སྐོར་གཟིགས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བའི་ལས་དོན་གལ་ཆེན་ཞིག་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་གཞོགས་འདེགས་མཐའ་གཅིག་ཏུ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ད་ཐེངས་ཀྱི་ཆེད་དོན་སྐོར་གཟིགས་ཀྱི་བླང་བྱ་དང་ལས་འགན་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་བྱེད་དགོས། གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་མཐོ་ཚད་དང་དབུལ་སྐྱོར་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་མཐོ་ཚད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བཅས་ཀྱི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་སྒམ་བརླིང་ནན་ཏན་གྱི་རྣམ་འགྱུར་གྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ནས་ད་ཐེངས་ཀྱི་ཆེད་དོན་སྐོར་གཟིགས་ལས་འགན་དེ་ཐུན་མོང་ཐོག་ལེགས་འགྲུབ་ཡོང་བར་བྱེད་དགོས་པ་དང་། གཉིས་ནས་ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གསུམ་པའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་འགོ་ཁྲིད་ཀྱིས་སྣེ་འཁྲིད་པ་དང་གོང་མས་འོག་མ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐོར་གཟིགས་ཚོགས་ཆུང་གིས་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འབྲེལ་ཡོད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པ། གསུམ་ནས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བའི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་ཆེན་པོས་སེམས་ནུས་ཡོད་རྒུ་དང་། དམིགས་པ་གཅིག་གཏད། བློ་རྩེ་གཅིག་སྒྲིམ་བཅས་ཀྱིས་ཆེད་དོན་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་གྱི་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ལྷག་བསམ་རྣམ་དག་ངང་སྐོར་གཟིགས་དང་ལེན་བྱེད་པ། ཁེངས་སྐྱུང་ངང་མཛུབ་སྟོན་ལ་ཉན་པ། གནད་དོན་ལ་ཐད་ཀར་གཏུགས་ཕོད་པ་བཅས་བྱས་ཏེ་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྐོར་གཟིགས་ལས་དོན་ཚོགས་ཆུང་གིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ། བཞི་ནས་སྐོར་གཟིགས་ལས་དོན་ཚོགས་ཆུང་གི་ལས་དོན་ལ་གཞོགས་འདེགས་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དང་། དབུལ་སྐྱོར་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ། མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱས་ཏེ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་ཞུས་ནས་མཚོན་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུས་ནས་མཚོན་པར་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཚོན་པར་བྱེད་པ་བཅས་ཀྱིས་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་ལྟངས་འཛིན་པ། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་ལས་དོན་ནས་མཚོན་པར་བྱས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་གསུངས། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་བོད་རང་སྐྱོང་ལྗོངས་ལ་ཟླ་གཅིག་ཙམ་སྡོད་རྒྱུ་ཡིན་པ་དང་། དེའི་རིང་དམིགས་བཙུགས་ཀྱི་བསྡད་བྱ་བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་ཁ་པར་ཨང་གྲངས་ནི་0891—6860579ཡིན་པ་དང་། ཆེད་བཙུགས་ཀྱི་སྦྲག་སྲིད་ཡིག་སྒམ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་A001ཡིན་པ། སྐོར་གཟིགས་ལས་དོན་ཚོགས་ཆུང་གིས་ཉིན་ལྟར་ཁ་པར་ནས་བདག་སྤྲོད་བྱེད་པའི་དུས་ཚོད་ཚུ་ཚོད་9: 30 ནས་19 :30བར་རེད། སྐོར་གཟིགས་ཚོགས་ཆུང་གིས་ཡིག་བསྐུར་ངོ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2018ལོའི་ཟླ་11ཚེས་25ཉིན་བར་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལས་དོན་གྱི་བླང་བྱ་ལྟར་ཀྲུང་དབྱང་སྐོར་གཟིགས་ལས་དོན་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་བཏོན་པའི་གནད་དོན་དང་ཁུངས་སྣེར་གཙོ་གནད་བདག་སྤྲོད་བྱ་རྒྱུ་ལས། ད་ཐེངས་ཀྱི་ཆེད་དོན་སྐོར་གཟིགས་ཀྱི་བདག་སྤྲོད་ཁོངས་སུ་མ་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནས་ཚུལ་གཞན་དག་གཏན་འབེབས་བཞིན་བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཚན་ལ་ཐག་གཅོད་ནན་ཏན་བྱ་རྒྱུར་སྐྱེལ་རྒྱུ་ཡིན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།