[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུའི་ཐོག

    རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་བེད་སྤྱོད་བཅས་བྱས་ནས་ཁྲིམས་བཞིན་བོད་སྐྱོང་བའི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ནན་བཤད་གནང་བ།

    བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དེ་བཞིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དུས་སུ། ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་རྩ་ཁྲིམས་ཆེད་དོན་སློབ་སྦྱོང་བྱས་པ་རེད། ཝུའུ་དབྱིང་ཅེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་སྒོ་ནས་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་བེད་སྤྱོད་བཅས་བྱས་ཏེ་ཁྲིམས་བཞིན་བོད་སྐྱོང་བའི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། བསྟན་ཁོ། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སློབ་སྦྱོང་ཚོགས་འདུར་ཕེབས་ཡོད་པ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྲིད་ཁྲིམས་པུའི་རྩ་ཁྲིམས་རིག་པའི་དགེ་རྒན་ཆེ་མོ་བ་འབུམ་རམས་པའི་མཛུབ་ཁྲིད་དགེ་རྒན་ཝང་ཡ་ཆིང་གིས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

    སློབ་སྦྱོང་ཚོགས་འདུའི་ཐོག ཝང་ཡ་ཆིན་གྱིས་ལོ་རྒྱུས་ཀྱི་འབྱུང་རིམ་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་དང་རྩ་ཁྲིམས་ཀྱི་ནང་དོན་དང་ནུས་པར་རྒྱས་བཤད་གོ་བདེ་ཤེས་སླ་བ་བྱས་ཏེ་ཀྲུང་གོ་གསར་པའི་རྩ་ཁྲིམས་བཟོ་བའི་ལོ་རྒྱུས་དང་ད་ཆ་ལག་ལེན་བསྟར་བའི་རྩ་ཁྲིམས་བཟོ་བཅོས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་མ་ཟད། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལྷུ་ཚིགས་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་རྩ་ཁྲིམས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་ཇི་ལྟར་རྒྱག་པར་འགྲེལ་བཤད་ཞིབ་ཕྲའང་བརྒྱབ་ཡོད། སྙན་སྒྲོན་ནང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ་དང་། ནང་དོན་ཟབ་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཡོད་པ་དེས་ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པར་ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་དོན་སྙིང་གལ་ཆེན་དང་བརྗོད་དོན་སྙིང་པོར་གོ་བ་གཏིང་ཟབ་ལེན་པ་དང་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་བྱས་ནས་རྩ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་བར་སྐུལ་འདེད་གཏོང་ཆེད་བློ་སྒོ་འབྱེད་པ་དང་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།

    ཝུའུ་དབྱིང་ཅེས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་པ་དང་། རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་རྩ་འཛིན་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་རྩ་བའི་གཞི་འཛིན་སའང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་བའི་ཁྲོད་ཀྱི་རྩ་ཁྲིམས་ཀྱི་གལ་ཆེའི་གནས་བབ་དང་ནུས་པར་མཐོང་ཆེན་གནང་ནས་ནུས་ལྡན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་ལས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་ལུགས་གང་ལེགས་མཚོན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་བརྟན་དུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། “འདུ་ཤེས་བཞི”སྔར་བས་ཟབ་ཏུགཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “ཐོག་མཐའ་བར་གསུམ་དུ་བྱེད་དགོས་པ་གསུམ”མཐའ་འཁྱོངས་བཅས་བྱས་ནས་རྩ་ཁྲིམས་བཟོ་བཅོས་རྒྱག་པའི་དོན་སྙིང་ཟབ་མོ་དང་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཏན་ཏིག་གཏོང་བ་དང་། རྩ་ཁྲིམས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་བེད་སྤྱོད་བཅས་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས།

    གཅིག་ནས་རྩ་ཁྲིམས་ཀྱི་དོན་སྙིང་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་ངོས་འཛིན་གང་ལེགས་བྱེད་དགོས་ཤིང་། ད་རེས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་རིགས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་གལ་ཆེན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ནང་བཅུག་ནས་ལག་ལེན་བྱེད་རིང་ཐོབ་པའི་ཏང་དང་མི་དམངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་ཀྱི་གྲུབ་འབྲས་གལ་ཆེན་རྩ་ཁྲིམས་ཀྱི་གཏན་འབེབས་ལ་རིམ་སྤོར་བྱུང་བ་ནི། ཏང་གིས་འགོ་ཁྲིད་རྒྱུ་དང་། མི་དམངས་ཀྱིས་རང་ཐག་རང་གཅོད། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་མཐའ་འཁྱོངས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུར་རྩ་ཁྲིམས་ཀྱི་འགན་ལེན་བརྟན་པོ་ཞིག་ཀྱང་བྱུང་ཡོད། ང་ཚོས་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་རྒྱུ་ནི་རྩ་ཁྲིམས་སྔར་བས་ལག་བསྟར་ཡག་པོ་བྱེད་པ་དང་དུས་རབས་གསར་པར་རྩ་ཁྲིམས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་སྐྱོང་བའི་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཆེད་དུ་ཡིན་པས་བསམ་བློ་སྔར་བས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་ཡོང་བ་བྱེད་དགོས་པ་དང་།

    གཉིས་ནས་སྲོག་ཤིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱུང་ཁར་རྩ་ཁྲིམས་ནང་བཀོད་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེད་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བཟོ་བཅོས་བརྒྱབ་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་བརྟན་པོར་འཇགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲག་རྒྱུན་ནང་འདྲེས་པར་བྱས་ནས་ཏང་ཡོངས་ཀྱི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པར་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བ་བྱེད་དགོས།

    གསུམ་ནས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་ཟུང་འབྲེལ་བྱས་ནས་གཞན་ལས་ལྷག་པའི་འབད་པ་ལྡབ་འགྱུར་བྱེད་པའི་སྙིང་སྟོབས་ཀྱི་ངར་ཤུགས་ལ་བརྟེན་ནས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི་མཛུབ་སྟོན་གལ་ཆེན། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ། ཞི་བས་བཅིངས་འགྲོལ་བཏང་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་དྲིལ་བསྒྲགས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་བོད་འདི་ཉིད་རྒྱལ་ཡོངས་ཡར་རྒྱས་གོང་འཕེལ་བྱུང་བའི་མཚོན་ཚུལ་ཞིག་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཟབ་ཏུ་གཏོང་དགོས། རིམ་པ་ཁག་གི་སློབ་གྲྭ་དང་། ཏང་གི་སློབ་གྲྭ གསོ་སྦྱོང་ལས་སྟེགས་བཅས་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་སློབ་སྦྱོང་གི་རྣམ་པ་ཟབ་མོ་བཏོད་དེ་རྩ་ཁྲིམས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པར་བྱེད་པ་དང་རྩ་ཁྲིམས་ལ་བརྟེན་ནས་སེམས་ནུས་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།

    བཞི་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྩ་ཁྲིམས་རྩ་བར་བྱ་རྒྱུ་བྱེད་སྒོའི་ཚད་འཛིན་དུ་བརྩིས་ནས་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་གནས་བབ་གལ་ཆེན་དང་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་ཚན་རིག་དང་མཐུན་པའི་ངང་ཁྲིམས་བཟོ་བ་དང་། ནན་ཏན་ངང་ཁྲིམས་ལག་ལེན་བསྟར་བ། དྲང་གཞག་ངང་ཁྲིམས་འཛིན་པ་དང་། ལྷག་དོན་དུ་བོད་ཀྱི་དོན་དངོས་ལ་གཞིས་ཚུགས་ནས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིབ་འཇུག་བྱས་ནས་བཟོ་བ་དང་། གཞི་རིམ་གྱིས་བཅའ་ཁྲིམས་དང་གཏན་འབེབས་བཞིན་འགན་འཁྲི་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་རང་ལྗོངས་སུ་ལག་བསྟར་ནུས་ལྡན་ཐུབ་པ་དང་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་སོགས་ཀྱི་སྤྱི་དམངས་ཀྱིས་དབང་ཆ་དོན་འཁྱོལ་ཡོང་བ་བྱས་ཏེ་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མའི་ནང་ནས་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཡོང་བ་ཚོར་ཐུབ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།