[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ལྷ་སར་རིག་གནས་ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-10

    499462_yis_1523249109771_s.jpg

    ཟླ་4ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རིག་གནས་ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གཟིགས་ཞིབ་གནང་ཞིང་། འདི་ནི་ལྷ་ས་ཨར་འདམ་བཟོ་གྲྭ་རྙིང་པར་ཝུའུ་དབྱིང་ཅེས་བསམ་བཀོད་ལས་གཏོད་ལྟེ་གནས་ཀྱི་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་དང་སྒྱུ་རྩལ་མཁས་ཅན་ཚོའི་བསམ་འཆར་དང་གྲོས་འགོ་གསན་བཞིན་པ།

     ཟླ་4ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རིག་གནས་ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གཟིགས་ཞིབ་གནང་སྐབས། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་ཞིང་རྒྱས་པ་ཡོང་རྒྱུར་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཧུར་ཐག་བསྐྲུན་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་གང་ལེགས་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅང་ཅེ་དང་། སྤེན་པ་བཀྲ་ཤིས། བློ་བཟང་འགྱུར་མེད། བཀྲ་ཤིས་ཟླ་བ་སོགས་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་པ་རེད།

    1960ལོར་བསྐྲུན་པའི་ལྷ་ས་ཨར་འདམ་བཟོ་གྲྭ་ནི་བོད་ཀྱི་ཨར་འདམ་བཟོ་སྐྲུན་ཁེ་ལས་ཐོག་མ་དེ་ཡིན་ཞིང་། དེ་གར་དེང་རབས་བཟོ་ལས་དཔལ་ཡོན་གྱི་རྣམ་པ་མཐོང་རྒྱུ་ཡོད། རང་སྐྱོང་ལྗོངས་ཀྱིས་བཟོ་གྲྭ་རྙིང་པ་དེ་བོད་ཀྱི་རིག་གནས་སྒྱུ་རྩལ་བསམ་བཀོད་ལས་གཏོད་ལྟེ་གནས་སུ་ཧུར་ཐག་བསྐྲུན་རྒྱུ་རེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་འཆར་འགོད་ས་བཀྲར་གཟིགས་པ་དང་། བཟོ་གྲྭ་རྙིང་པར་གཟིགས་ཞིབ་གནང་བ་མ་ཟད། བསམ་བཀོད་ལས་གཏོད་ལྟེ་གནས་ཀྱི་འཆར་འགོད་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྒྱུ་རྩལ་མཁས་ཅན་ཚོའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་རེད། རིག་གནས་དར་ན་རྒྱལ་ཁབ་དར་བ་དང་རིག་གནས་སྟོབས་ཆེར་གྱུར་ན་མི་རིགས་དར་རྒྱས་ཡོང་ཞེས་བཏོན་ཡོད། རིག་གནས་ཐོན་ལས་ནི་བོད་འཕེལ་རྒྱས་མྱུར་པོ་ཡོང་བའི་འཐབ་ཇུས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཐོན་ལས་ཤིག་དང་། དམངས་ཕྱུག་དམངས་ཕན་གྱི་ཐོན་ལས་ཡག་པོ་ཞིག་རེད། རིག་གནས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་བཏང་སྟེ། བོད་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་དང་། ལྷ་ས་ཨར་འདམ་བཟོ་གྲྭའི་ཁུལ་རྙིང་པའི་སྔར་ཡོད་ཀྱི་སྒྲིག་ཆས་དང་ཆ་རྐྱེན་བེད་སྤྱོད་གང་ལེགས། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། བོད་ཀྱི་བཟོ་ལས་ཀྱི་དྲན་ཤེས་དང་གསར་བརྗེའི་དྲན་ཤེས་གསལ་པོར་མངོན་པ། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བརྟན་དུ་གཏོང་བ་བཅས་བྱས་ཏེ་བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་སུ་བརྟན་པོར་ཟུག་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་ལ་བསམ་བློར་བཅིངས་འགྲོལ་དང་ལྟ་སྟངས་བསྒྱུར་ནས། མཐུན་སྦྱོར་ལ་ཤུགས་སྣོན་དང་། གཞོགས་འདེགས་དམ་ཟབ། རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ་ལས་ཀར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ནས། བོད་ཀྱི་རིག་གནས་སྒྱུ་རྩལ་བསམ་བཀོད་ལས་གཏོད་ལྟེ་གནས་ཉིད་བོད་ཀྱི་མིང་བྱང་ཡག་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་ལྷ་ཀླུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དུས་བཀག་གསུམ་པའི་ལས་གྲྭའི་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། སྣོད་བཅུད་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། དེས་ན་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ནས། ཏང་དང་མི་དམངས་དང་ཕ་ཚ་བུ་རྒྱུད་ལ་འགན་འཁྲི་ཆེན་པོ་འཁུར་བའི་སྙིང་སྟོབས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལམ་སྲོལ་སྒྱུར་བཅོས་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ནས“འཛམ་གླིང་གི་དག་ཞིང་མཐའ་མ”སྲུང་སྐྱོང་ཡག་པོ་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། འཆར་གཞི་ཡག་པོ་འདིང་བ་དང་། ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད། འདམ་རའི“གྲོང་ཁྱེར་གྱི་གློ་བའི”ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་ལས་ཕན་པ་ཐོབ་པ་དང་སྣོད་བཅུད་ཤེས་དཔལ་གཏོད་པ་ལས་བྱུང་བའི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།