[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-12-01

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》སོགས་ཀྱི་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། 《བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་དང་བློ་རྩ་བརྟན་པོས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བྱ་ཐབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་པ་རེད།

    ཝང་ཅུན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་།སྐྱེ་ཁམས་སྲུང་སྐྱོང་། ཚན་རྩལ་གསར་གཏོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཚད་མགྱོགས་སུ་གཏོང་དགོས། ཕྱི་ཕྱོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་ཕྱི་ཕྱོགས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་དགོས། རང་ལྗོངས་ཀྱི་དམིགས་བསལ་གྱི་ས་ཁམས་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ཏེ་ནུས་ལྡན་གྱི་ཚན་རྩལ་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པར་སྟོབས་དང་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་སྲོག་ཤིང་གི་དོན་སྙིང་རེད། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བླང་བྱ་ཁག་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས་བརྩེ་སེམས་ཀྱི་ཐད་ནས་སྲོག་ཤིང་ལ་དགའ་ཞེན་རྣམ་དག་དང་། བསམ་བློའི་ཐད་ནས་སྲོག་ཤིང་ལ་ཚད་མཐོའི་ཁས་ལེན། ཆབ་སྲིད་ཀྱི་ཐད་ནས་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། རྩ་འཛུགས་ཀྱི་ཐད་ནས་རང་རྟོགས་ངང་སྲོག་ཤིང་ལ་བརྩི་སྲུང་། བྱ་སྤྱོད་ཀྱི་ཐད་ནས་སྲོག་ཤིང་གི་རྗེས་སུ་དམ་པོར་འབྲང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་ནན་པོར་བསྲུངས་ནས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་རང་རྟོགས་ངང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་རྣམས་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་མཐའ་གཅིག་ཏུ་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་པ་རྣམས་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱས་ནས་གང་གསུང་དེ་སྒྲུབ་དང་བཀོད་པ་ལུང་དུ་འགྲོ་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། སྤྱོད་ཚུལ་ལེགས་སུ་གཏོང་བར་ནམ་ཡང་ཚར་དུས་མེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་སེལ་བ། རང་གཅུན་ནན་པོ་དང་། ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཆེ་རུ་གཏོང་བར་སློབ་གསོ་ཁྲིད་སྟོན། མི་སྤྱོད་གཙང་ཞིག་བྱེད་པ་དང་ལས་དྲང་པོ་དྲང་གཞག་བཅས་བྱས་ནས་སྤྱོད་བཟང་གཞུང་དྲང་དང་ལས་བརྩོན་གསར་གཏོད་ཀྱི་ཆབ་སྲིད་ཁོར་ཡུག་བཟང་པོ་གཏོད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། འགན་འཁྲིའི་འདུ་ཤེས་དང་། སྤྱི་ཞབས་པའི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ལ་ཤུགས་སྣོན། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལང་བ་དང་དམངས་ལ་བརྩེ་སེམས་ཟབ་ཏུ་འཆང་བ། མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ཀྱི་ཆེད་དུ་ཁེ་ཕན་དོན་གཉེར་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ“ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། རང་གཅུན་ནན་པོ་དང་། རང་འགན་ནན་སྒྲུབ། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱས་ཏེ་སྣེ་ཁྲིད་ནས་བཟང་བསྟོད་ངན་སྨད་དང་སྲོལ་བཟང་དར་སྤེལ་གཏོང་བ་དང་། སྣེ་ཁྲིད་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། སྣེ་ཁྲིད་ནས་དམིགས་བསལ་དབང་ཆར་ངོ་རྒོལ་དང་དམིགས་བསལ་དབང་ཆ་མི་སྤྱོད་པ། སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག སྣེ་ཁྲིད་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ། སྣེ་ཁྲིད་ནས་གནད་དོན་དངོས་ཐག་གཅོད་བཅས་བྱས་ནས་སྤྱོད་ཚུལ་མུ་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་སྟེ་གནད་དོན་དང་། དམིགས་ཚད། གྲུབ་འབྲས་བཅས་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ་དང་། “བཞི་བཤེར་བཞི་རྩད”ནང་དོན་གཙོ་བོར་བྱེད་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་མུ་མཐུད་ཟབ་ཏུ་གཏོང་བ། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་བྱ་དགའ་ཆད་གཅོད་ཁ་གསལ་བཟོ་བ། དོན་འཁྱོལ་བྱེད་ཤུགས་དང་ལག་བསྟར་བྱེད་ནུས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་ཀའི་བྱེད་ཐབས་དང་། ལས་ཀའི་འཇོན་ཐང་། ལས་ཀའི་ཆུ་ཚད་བཅས་ལ་ཞིབ་བཤེར་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་ལ་ཞིབ་འཇུག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།