[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཆེ་དགྲ་ལྷ།
  • ཆེ་དགྲ་ལྷས་ཧྲའན་ཤིས་ཞིང་ཆེན་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་སློབ་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ལ་གཟིགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    ཚེས་1དང་ཚེས་2ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ཧྲའན་ཤིས་ཞིང་ཆེན་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཁག་གཅིག ཧྲའན་ཤིས་དུ་བཅའ་སྡོད་རང་སྐྱོང་ལྗོངས་དོན་གཅོད་ཁང་གི་ཏང་ཡོན་ལས་བྱེད་པ་བཅས་ལ་གཟིགས་པ་དང་མཚམས་འདྲི་གནང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་དུ་ཆེ་དགྲ་ལྷས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྐྱོང་གསོའི་རྟེན་གཞི་དང་། གསོ་རིག་ཚོད་ལྟ་ཁང་། སློབ་ཁུལ་གསར་པ་འཛུགས་སྐྲུན་བཅས་ལ་བརྟག་ཞིབ་གནང་བ་དང་། སློབ་གྲྭའི་ལོ་རྒྱུས་ཁང་དང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་གཟིགས་ཞིབ་གནང་ནས། ཁོང་གིས་རྒྱ་ཆེའི་དགེ་སློབ་ཚོས་ནུས་ཤུགས་ཡོད་རྒུས་ཚན་རྩལ་གསར་སྤེལ་ཡག་པོ་དང་གསར་གཏོད་ལས་གཏོད་ཧུར་ཐག་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་གང་ལེགས་ཞུ་དགོས་པའི་ལྕག་སྐུལ་གནང་བ་རེད། ཆེ་དགྲ་ལྷས་ད་དུང་རྒྱ་ཆེའི་དགེ་སློབ་ཚོར《དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར། འདས་པ་དང་། ད་ལྟ། འབྱུང་འགྱུར། ——ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་དུ་ལག་ལེན་རླབས་ཆེན་བྱེད་པ》ཞེས་མཚན་བྱང་དུ་འཁོད་པའི་སྙན་ཞུ་གནང་ཞིང་། སྙན་ཞུའི་ནང་ལོ་རྒྱུས་ཀྱི་དོན་དངོས་འབོར་ཆེན་དང་ཞིབ་བདེན་གྱི་གྲངས་གཞི་བསྡུར་ནས་བོད་ཀྱི་རླབས་ཆེན་མཆོང་སྐྱོད་འགྲེལ་བཤད་གཏིང་ཟབ་དང་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་རགས་བྲིས་གནང་ཡོད།

    ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་བཞུགས་མོལ་གནང་སྐབས། ཆེ་དགྲ་ལྷས་ཁོ་ཚོ་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་འབྲེལ་ཁོང་ཚོར་ཁ་བཏགས་ཀྱང་བསྒྲོན་ཡོད། ཆེ་དགྲ་ལྷས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས། ཚང་མས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས། འཐབ་རྩོད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ་མཐའ་འཁྱོངས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།