[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཆེ་དགྲ་ལྷ།
  • བོད་ཀྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་སྤུས་རྟགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

    ཆེ་དགྲ་ལྷ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

    ཚེས་25ཉིན་ལྷ་སར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་སྤུས་རྟགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལྟར། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་གཙོ་རྐང་དུ་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་དང་སྤུས་རྟགས་གཏོད་རྒྱུར་སྐུལ་སྤེལ་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས། བོད་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་རྟེན་གཞི་གལ་ཆེན་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་ཐོན་ཟོག་41ལ་རྒྱལ་སྤྱིའམ་ཡང་ན་རྒྱལ་ནང་གི་ཞིང་ལས་ཐོན་ཟོག་ཚོང་འདུས་ཐོག་གསེར་གྱི་བྱ་དགའ་ཐོབ་པ་དེས་ང་ཚོས་སླད་ཕྱིན་ལས་ཀ་གང་ལེགས་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་ཆེས་ཆེར་འཕེལ་ཡོད་ཅེས་གསུངས།

    ཆེ་དགྲ་ལྷས། སྤུས་རྟགས་ལ་དམ་འཛིན་གྱིས་རང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་།

    སྤུས་རྟགས་ཀྱི་ཚད་གཞིའི་དཀར་ཆག་བཟོ་བ། སྤུས་རྟགས་བསྡུ་སྒྲིལ་དང་། སྤུས་རྟགས་གཉེར་སྐྱོང་། སྤུས་རྟགས་བརྒྱུད་བསྒྲགས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། རྟེན་གཞིར་དམ་འཛིན་གྱིས་ཡུག་འབྲེལ་གཞི་ཁྱོན་གོང་འཕེལ་མཐའ་འཁྱོངས་དང་། སྣེ་འདྲེན་ཁེ་ལས་ནང་འདྲེན་དང་སྐྱེད་སྲིང་། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེ་བཞིན་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་གསོ་སྤེལ་རྟེན་གཞི་ཁག་གཅིག་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། བླང་བྱ་མཐོ་བ་བཅས་ཀྱི་སྒོ་ནས་འཆར་འགོད་བྱས་ནས་སྐྲུན་དགོས། གླིང་ཁུལ་ལ་དམ་འཛིན་གྱིས་འཕེལ་རྒྱས་ཀྱི་ངེས་གནས་ཁ་གསལ་བཟོ་བ་དང་། རྨང་གཞིའི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ། ཞབས་འདེགས་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ། ལྗོངས་ཕྱི་ནང་གི་ཁེ་ལས་ཡག་པོ་བཅའ་སྡོད་བྱེད་པར་ཡིད་དབང་འགུག་པ། ཐོན་ལས་མཉམ་འདུས་གསོ་སྐྱོང་ཤུགས་ཆེན་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རར་དམ་འཛིན་བྱས་ཏེ་བོད་སྐྱོར་གྱི་ལེགས་ཆར་བརྟེན་པ་དང་། ཁྲོམ་ར་གསར་འབྱེད་ཀྱི་གནས་གཞི་འཛུགས་པ། དྲ་སྦྲེལ་ལེགས་པར་སྤྱད་ནས་དྲ་ཐོག་དང་དྲ་ཕྱིའི་མཉམ་འགུལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཟོག་འགྲེམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཟོག་ཕྱིར་ཚོང་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས། གསར་གཏོད་ལ་དམ་འཛིན་བྱས་ཏེ་བྱེད་པོ་བྱེ་བྲག་པའི་སྐྱེ་སྟོབས་ཧུར་ཐག་འཕེལ་བར་བྱེད་པ་དང་། ལག་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ཟོག་གི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱེད་དགོས། འགན་སྲུང་ལ་དམ་འཛིན་བྱས་ཏེ་སྲིད་ཇུས་ཀྱི་སྣེ་ཁྲིད་རྒྱབ་སྐྱོར་དང་། རྒྱུ་རྐྱེན་གྱི་འདེགས་སྐྱོར། ཚན་རྩལ་གྱི་འདེགས་སྐྱོར། དངུལ་རྩའི་འགན་སྲུང་། ལམ་སྲོལ་གྱི་འགན་སྲུང་བཅས་ལ་ཤུགས་སྣོན་བརྒྱབ་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། གཞན་ཡང་། ཆེ་དགྲ་ལྷས་རྒྱ་ཆེའི་ཁེ་ལས་མཁས་ཅན་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་ཁེ་ལས་ལ་དམ་པོར་དམིགས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ལས་དང་སྤུས་རྟགས་བཏོད་པར་ཧུར་ཐག་ཞུགས་པའི་ཐུགས་རེའང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།