[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཆེ་དགྲ་ལྷ།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནད་དོན་དང་། རེས་སྐོར་དང་པོའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ། རྩིས་བཤེར་ལས་དོན་གྱི་གནས་ཚུལ་སོགས་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནད་དོན་དང་། རེས་སྐོར་དང་པོའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ། རྩིས་བཤེར་ལས་དོན་གྱི་གནས་ཚུལ་སོགས་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཕྱོགས་ཡོངས་ནས་དག་ཐེར་དང་། དག་ཐེར་མཐར་ཕྱིན། དག་ཐེར་ནན་པོ་དང་ཏན་ཏིག་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས “གཅིག་རེ་བཞིའི”དག་ཐེར་ལས་དོན་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། ཁུངས་སྣེ་ཞིབ་དཔྱད། གྱོད་གཞི་མྱུལ་ཞིབ། རྒྱབ་རྩ་མེད་པ་བཟོ་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་སོགས་ཀྱི་ཐད་མངོན་གསལ་དོད་པའི་ཕན་འབྲས་ཐོན་སྟེ་ཟིལ་རླབས་དགུང་འཕྱུར་གྱི་ནག་སེལ་གཤེད་བཅོམ་གྱི་མི་དམངས་ཀྱི་དམག་འཁྲུག་ཅིག་བརྒྱབ་ཡོད་ཅེས་བསྟན་གནང་ཡོད།

    ཚོགས་འདུའི་ཐོག་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་མ་ཟད། བློ་ཁ་ཕྱོགས་མིན་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་ཡོང་མིན་དང་འབྲེལ་བའང་ཡོད། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། ཚད་གཞི་དང་ཡང་ཡང་སྡུར་བ་དང། གཙོ་གནད་མངོན་གསལ་དོད་པ། འགན་འཁྲི་ཏག་ཏིག་འཁུར་བ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་སེམས་ཤུགས་ཆེ་རུ་གཏོང་བ། བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དག་ཐེར་དམ་འཛིན་ཇི་མ་ཇི་བཞིན་བྱེད་པ་བཅས་ཀྱིས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་རྩ་མངོན་གསལ་དོད་དུ་བཏང་ནས“རྒྱབ་རྩ”དང“རྒྱབ་རྟེན་འབྲེལ་བ” དེ་བཞིན་བཟོ་སྐྲུན་ཁྱབ་ཁོངས་དང་། རོལ་རྩེད་བྱ་ཡུལ། ཡུལ་སྐོར་ལས་རིགས་སོགས་ཀྱི་ལས་རིགས་ཀྱི་ཟང་ཟིང་རྣམ་པ་བཅས་ལ་དམིགས་ནས་སྔོག་འདོན་དང་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་། དངོས་ཐོག་བདེན་འཚོལ། བྱ་ཐབས་དངོས་བཅས་ལ་བརྟེན་ནས་ཆེད་དོན་འཐབ་རྩོད་སྤེལ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་བཏང་སྟེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། ཁོར་ཡུག་སྲུང་སྐྱོང་གི་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བསྟན་གནང་བ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི་དག་ཐེར་ལས་འགན་45དང་བྱེད་ཐབས་ཞིབ་ཕྲ་ཁག་179གཞི་རྩའི་ཆ་ནས་དག་ཐེར་གྱི་དམིགས་ཚད་ལོན་པ་དང་། 2019ལོའི་རྗེས་སུ་ལེགས་གྲུབ་བྱ་དགོས་པའི་དག་ཐེར་ལས་འགན་དང་བྱེད་ཐབས་ཞིབ་ཕྲ་གོ་རིམ་བཞིན་ཧུར་ཐག་སྤེལ་བཞིན་ཡོད་པ་རེད།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《2018ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ། ནོར་དཔལ་ལས་དོན་དང་རྩིས་བཤེར་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ལས་དོན་ལ་གྲོས་འགོ་ཡང་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།