[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཆེ་དགྲ་ལྷ།
  • ​ བོད་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་བྱས་པ།

    ​ ཆེ་དགྲ་ལྷ་ཕེབས་པ་དང་ཏིང་ཡེ་ཤན་གྱིས་ཤིས་ཚིག་གསུངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

    རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་འཆར་ལ་ཉེ་བའི་མཚམས་སུ། ཉེ་བའི་ལོ་ཤས་རིང་གི་རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་ཆེད། ལྗོངས་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ཚེས་16ཉིན་གྱི་སྔ་དྲོ་ལྷ་སར་གཟབ་རྒྱས་ངང་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཕེབས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཤིས་ཚིག་གསུངས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་པད་མ་དབང་འདུས་དང་ཁྲེན་ཡུང་ཆི་ཕེབས་ཡོད་པ་རེད།

    ཏིང་ཡེ་ཤན་གྱིས་ཤིས་ཚིག་གསུངས་སྐབས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་གལ་ཆེན་ཞིག རང་རེའི་ཏང་གིས་རྒྱལ་ཡོངས་མི་དམངས་དང་འཛམ་གླིང་ཡོངས་ལ་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་པ་ཞིག་བཅས་རེད་ཞེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་ད་ཐེངས་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་གོ་སྐབས་སུ་བྱས་ཏེ། རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། བོད་ཀྱི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་འོས་སྦྱོར། བོད་ཀྱི་ལེགས་ལྡན་སྤུས་རྟགས་ཧུར་ཐག་གཏོད་པ། དབུལ་སྐྱོར་ཐོན་ལས་དང་ཐོན་ཚོང་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དྲ་ཐོག་དང་དྲ་མིན་གྱི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། འཛད་སྤྱོད་དབུལ་སྐྱོར་བྱེད་མང་དུ་གཏོང་བ། དབུལ་སྐྱོར་ཐོན་ལས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད་།

    འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ཆེ་དགྲ་ལྷ་དང་ཏིང་ཡེ་ཤན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་2019ལོའི་དབུལ་སྐྱོར་ཉིན་མོའི་རིམ་སྤེལ་བྱེད་སྒོའི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ས་ཁུལ(གྲོང་ཁྱེར)7གྱི་དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་བྱེད་པོ་224ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།