[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>འཆི་མེད་རིག་འཛིན།
  • “ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-27

    ཉེ་ཆར་2018ལོའི“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོའི་ཕྱོགས་སྡོམ་ཚོགས་འདུ་ཉིང་ཁྲིར་འཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་གྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིབ་བཤེར་ཚོགས་ཆུང་གིས་སྨི་ཏི་ཁ་དང་། མ་ཕམ་གཡུ་མཚོ། ཇོ་མོ་གླང་མ། ཡར་ཀླུང་གཙང་པོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་དང་མཚོ་མཚེའུ་གཙོ་བོ་དང་འདམ་རར་སྲུང་སྐྱོང་གནས་ཚུལ་ཐད་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད། དུས་ཡུན་ཉིན་16ནང་སྔ་རྗེས་སུ་ལྷ་ས་དང་མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་དྲུག་ལ་བསྐྱོད་དེ་སྙན་ཞུ་ཐེངས་6གསན་པ་དང་། དྲིལ་བསྒྲགས་བྱེད་སྒོ་ཐེངས་5སྤེལ་བ། རྫོང(ཆུས)31གི་ཤང(གྲོང་རྡལ)120ཡི་རྣམ་གྲངས་94ལ་ཞིབ་བཤེར་གནང་བ་དེ་མི་འབོར་ཁྲི་160ལྷག་ཙམ་དང་འབྲེལ་བ་ཡོད་པ། སྤྱི་ལེ་ཁྲི་1ལྷག་ཙམ་ཟིན་གྱི་ཡོད་ཅེས་བརྗོད་པ་རེད།

    ཚོགས་འདུའི་ཐོག་ཞིབ་བཤེར་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་ཏན་ཏིག་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དགོངས་དོན་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རྣམ་པ་གསར་གཏོད་ཀྱིས་བརྟག་ཞིབ་དང་ཞིབ་བཤེར་བྱས་པ་དང་རིམ་ཁག་སྲིད་གཞུང་གིས“ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མངོན་བཤེར་ལྐོག་ཞིབ་བྱས་པ་བརྒྱུད། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་གནས་པའི་ཐུན་མོང་རང་བཞིན་གྱི་གནད་དོན་15དང་། ཐུན་མོང་མིན་པའི་འཕྲལ་མར་སྒྱུར་བཅོས་བྱེད་དགོས་པའི་གནད་དོན་གནད་དོན་ཁག་གཅིག ཡུན་རིང་དག་ཐེར་མཐའ་འཁྱོངས་བྱེད་དགོས་པའི་གནད་དོན་བཅས་ཤེས་རྟོགས་ཐུབ་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་འབྲེལ་ཡོད་བཅའ་ཁྲིམས་ལག་བསྟར་དང་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་ཁོར་ཡུག་ཐོན་ཁུངས་ཀྱི་གནད་དོན་ཚབས་ཆེན་ཐག་གཅོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བའི་ངོས་འཛིན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།