[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>འཆི་མེད་རིག་འཛིན།
  • བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་མཇུག་འགྲིལ་བ།

    འཆི་མེད་རིག་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-06-28

    ཚེས་26ཉིན་དུས་ཡུན་གཟའ་འཁོར་གཅིག་གི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ལྷ་སར་སློབ་མཇུག་འགྲིལ་བ་རེད། འདི་ནི་རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆེད་དོན་གསོ་སྦྱོང་ཞིག་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་སློབ་མཇུག་འགྲིལ་བའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མ་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཚན་གྱི་སྒྲིག་འཛུགས་ཞིབ་ཚགས་འོག སློབ་མ་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་གསར་པ་དང་ལས་ཀའི་བཀོད་སྒྲིག་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་རྩའི་ཆོས་ཉིད་དང་དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་གནད་དོན་གལ་ཆེན་བསལ་རྒྱུའི་ནུས་ལྡན་གྱི་ཐབས་ལམ་ཐད་དུ་བགྲོ་གླེང་གཏིང་ཟབ་བྱས་ཤིང་། གསོ་སྦྱོང་གི་བརྗོད་དོན་མངོན་གསལ་དོད་པ་དང་བྱེད་ཐབས་སྣ་མང་ལྡན་པར་བརྟེན་དབུལ་སྒྲོལ་འགག་སྒྲོལ་གྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་པ་རེད།

    ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་གཏན་འཁེལ་ཟིན་པ་དང་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པའི་རྒྱབ་ལྗོངས་འོག གོམ་སྟབས་རྗེས་མའི་ལས་དོན་ནི་དོན་འཁྱོལ་ལ་དམ་འཛིན་དང་ཕན་འབྲས་ཐོན་ཐུབ་པར་བྱེད་པ་དེ་ཡིན་ལ། གཅིག་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དབུལ་པོའི་མི་འབོར་གྱི་གྲུབ་ཆར་དབྱེ་བ་འབྱེད་དགོས་པ་དང་། གཉིས་ནས་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ལ་དམ་འཛིན་བྱེད་དགོས་པ། གསུམ་ནས་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ལས་ཞུགས་སྤོ་སྒྱུར་གྱི་གསོ་སྦྱོང་ལ་དམ་འཛིན་བྱེད་དགོས་པ། ལྔ་ནས་དབུལ་སྐྱོར་ཆ་འཕྲིན་སྟེགས་བུ་མགྱོགས་མྱུར་བསྐྲུན་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱ་རྒྱུའི་འགན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་ལེགས་གྲུབ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།