[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལི་ཝུན་ཧན།
  • བོད་རང་སྐྱོང་ལྗོངས་ཀྱིས“གོར་པན་དུས་ཆེན”གྱི་འཚམས་འདྲིའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཚེས་11ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་ལས་དོན་ཅུས་ཀྱིས་ལྷ་སར་ཡོད་པའི་དབྱི་སི་ལམ་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣ་སྒྲིག་འཛུགས་བྱས་ཏེ། “གོར་པན་དུས་ཆེན”དགའ་གཏོང་གི་འཚམས་འདྲིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་མཱ་ཙེ་པི་ཚོགས་འདུར་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མུའུ་སི་ལིན་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུས་ཏེ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་དགོངས་པ་བརྟན་པོར་ངེས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ཀྱི་ཐལ་སྐྱོད་རིང་ལུགས་ཀྱི་བསམ་བློ་གཏན་འགོག་བྱེད་པ། “ཕྱོགས་གཏོགས་གསུམ”ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།