[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པས་ཧུའུ་པེ་ཞིང་ཆེན་དང་ཤར་རླུང་རྟགས་ཅན་རླངས་འཁོར་ཚོགས་པ་ཀུང་སིར་འཚམས་ལན་དང་རྟོག་ཞིབ་སློབ་སྦྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-03

    ཟླ་11ཚེས་28ཉིན་ནས་ཟླ་12ཚེས་1ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧུའུ་པེ་ཞིང་ཆེན་དང་ཤར་རླུང་རྟགས་ཅན་རླངས་འཁོར་ཚོགས་པ་ཀུང་སིར་འཚམས་ལན་ཞུ་བ་དང་རྟོག་ཞིབ་སློབ་སྦྱོང་གནང་བར་ཕེབས་ཤིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་སྣོད་བཅུད་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་ངོ་སྤྲོད་གནང་བ་དང་། ཧུའུ་པེ་ཞིང་ཆེན་དང་ཤར་རླུང་རྟགས་ཅན་རླངས་འཁོར་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ལ་དམིགས་བསལ་རྒྱབ་སྐྱོར་གནང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུགས་རྗེ་ལེགས་འབུལ་ཞུ་བའི་སེམས་པ་མཚོན་ཐབས་གནང་ནས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད།

    ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཅང་ཁྲའོ་ལེང་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཝང་ཞའོ་ཏུང་དང་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝུའུ་ཧན་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་གོ་ཆང་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཅང་ཁྲའོ་ལེང་གིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་ཧུའུ་པེའི་མི་དམངས་ཁྲི་6100ཙམ་གྱི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་པེར་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། 

    པཱ་དབྱིན་ཁྲའོ་ལུའུ་ཡིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་འཐུས་མི་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ཅི་ལིན་ཞིང་ཆེན་ལ་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་སྐབས་ཐུགས་ཁུར་དང་། དགའ་གཅེས། རོགས་རམ་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་གོམ་སྟབས་རྗེས་མར་ཅི་ལིན་ཞིང་ཆེན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་བརྟན་དུ་བཏང་སྟེ་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་བོད་སྐྱོར་གཏིང་ཟབ་བྱེད་པ། དམངས་འཚོའི་བོད་སྐྱོར་ཤུགས་ཆེན་བྱེད་པ། ས་གནས་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་བ། བོད་སྐྱོར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་སྐྱོར་གྱི་ལས་འགན་ཁག་ལེགས་གྲུབ་ཏན་ཏིག་བཅས་བྱས་ནས་ཅི་ལིན་དང་བོད་ལྗོངས་ས་གནས་གཉིས་ཀྱི་ཁྲག་རྒྱུན་གྱི་བརྩེ་སེམས་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་དང་། དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་ཅི་ལིན་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་ལ་ཉེ་བའི་ལོ་ཤས་རིང་གི་རང་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད།

    ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོར་བཞུགས་མོལ་གནང་སྐབས། ཀྲོང་ཡན་གྱིས་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོས་ཆབ་སྲིད་ལ་སྣང་ཆེན་གྱིས་སྤྱི་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་བྱས་ཏེ་བོད་ལ་ཁ་གཏད་བོད་སྐྱོར་བྱེད་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། ཆབ་མདོར་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་སྤྱིའི་འཆར་འགོད་ནང་བཅུག་ཏེ་བོད་སྐྱོར་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལས་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོའི་ཁྱད་ཆོས་ལྡན་པའི་རོགས་སྐྱོར་བྱེད་སྟངས་ཤིག་ཆགས་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་མཉམ་ལས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་སྟེ་ཤེས་ལྡན་པའི་བོད་སྐྱོར་དང་། ལས་ཞུགས་བོད་སྐྱོར། གྲོང་གསེབ་གསར་པ་འཛུགས་སྐྲུན། ཐོན་རྫས་ཁྱབ་སྤེལ་སོགས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།

    བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག སྐབས་རིམ་བྱུང་གི་བོད་སྐྱོར་ལས་བྱེད་པའི་འཐུས་མིས་བརྩེ་བ་ཟབ་མོས་བོད་སྐྱོར་གྱི་ཉམས་མྱོང་ཕྱིར་དྲན་བྱས་ཤིང་། ཁོང་ཚོས་བོད་སྐྱོར་ལས་དོན་ནི་ལྕགས་ཧྲེང་བརྡར་ནས་ཁབ་ལ་བསྒྱུར་བའི་རྩ་ཆེའི་ཉམས་མྱོང་ཞིག་ཡིན་པས་དེས་མི་ཚེ་གང་པོར་ཕན་ཐོགས་རྒྱུ་རེད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བོད་སྐྱོར་ལས་བྱེད་པས་དོ་ཁུར་བྱེད་ས་ཞིག་ཡིན། ཕ་ཡུལ་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ནམ་ཡང་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་རྒྱུའི་རེ་བ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཀྲོང་ཡན་གྱིས་གསན་རྗེས་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས་འཇོན་ཐང་ཆེ་བ་དང་། བྱང་ཚད་མཐོ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཅི་ལིན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་དང་ཁག་གིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ཏེ་ཕ་ཡུལ་དང་སྤུན་མཆེད་དང་ཁ་བྲལ་ཏེ་རི་ཀླུང་སྟོང་ཕྲག་བརྒལ་ནས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཆུད་ཟོས་སུ་མ་བཏང་བར་ཐོག་མཐའ་བར་གསུམ་དུ་བོད་འདི་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩི་བ་དང་། བོད་ལྗོངས་འཛུགས་སྐྲུན་དང་། བོད་ལྗོངས་འཕེལ་རྒྱས། བོད་ལྗོངས་བརྟན་ལྷིང་བཅས་ལས་འགན་དུ་བརྩི་བ། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་བདེ་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་དང་། ཅི་ལིན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱས་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འཚམས་ལན་ཞུ་རིང་། འཐུས་མི་ཚོགས་པས་ད་དུང་སྔ་རྗེས་སུ་ཁྲང་ཁྲུན་གྲོང་ཁྱེར་དང་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་རུ་ཕེབས་ཏེ་ཐོན་ལས་འཕེལ་རྒྱས་དང་། རིག་གནས་ཡུལ་སྐོར། གསར་གཏོད་ལས་གཏོད། མི་རིགས་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།