[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-01

    ཚེས་29ཉིན་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་འགྲན་བསྡུར་བྱེད་སྐབས་སྔར་བས་སྟབས་བདེ་དང་། སྔར་བས་ངོ་མཚར་ཆེ་བ། སྔར་བས་བདེ་འཇགས་ལྡན་པ་བཅས་མཐའ་འཁྱོངས་ཀྱིས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་དང་དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལུས་རྩལ་འགྲན་ཚོགས་ལེགས་སྒྲུབ་ཐུབ་པ་དང་། ཡག་པོ་གཉེར་བ། ངོ་མཚར་ལྡན་པ། བོད་ཀྱི་ཁྱད་ཆོས་མངོན་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་ལ་ངོ་མཚར་ཆེ་བའི་ལུས་རྩལ་འདུ་ཚོགས་དང་རིག་གནས་འདུ་ཚོགས་གཟབ་རྒྱས་ཤིག་འཚོག་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ལས་ཀའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་འཕྲལ་མར་དམག་འཐབ་བསུ་བའི་རྣམ་པ་ཞིག་ཏུ་སླེབས་པར་སེམས་ནུས་གཅིག་སྒྲིལ་དང་ངར་ཤུགས་སྒྲིམ་པ་དང་། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་བློ་འཁྱེར་བ། ཉིན་རེ་རེ་བཞིན་དམ་འཛིན་དང་བྱ་བ་ཚང་མ་ཡག་པོ་སྒྲུབ་པ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ལས་ཀའི་ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ་གྲོན་ཆུང་དང་། དངོས་གཉེར། ནུས་ཆེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འགྲན་བསྡུར་གཏན་འཁེལ་ལུགས་མཐུན་བྱེད་པ་དང་ལུས་རྩལ་པ་ལྟེ་བར་བྱས་ནས་ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ལུས་རྩལ་ཁྲོད་འགྲན་བསྡུར་བྱེད་ཐུབ་པར་བྱེད་དགོས། འགོ་ཚུགས་དང་མཇུག་འགྲིལ་མཛད་སྒོ་དང་དོ་ཁུར་ཆེན་པོ་བྱེད་པའི་འགྲན་བསྡུར་སོགས་གཙོ་གནད་ལ་དམ་པོར་དམིགས་ནས་འགྲན་བསྡུར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་གཏོང་བ། འགྲན་བསྡུར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཞིབ་ཚགས་དང་། སྤུས་དག གནད་སྨིན་བཅས་ཀྱི་སྒོ་ནས་འགྲན་བསྡུར་བྱེད་པའི་བླང་བྱ་ཁག་དོན་འཁྱོལ་བྱེད་པ། སྲོལ་རྒྱུན་སྨྱན་སྦྱོར་གྱི་ལས་སྟེགས་དང་སྨྱན་སྦྱོར་གསར་པ་སྟབས་བསྟུན་ངང་སྤྱད་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ“ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་དེ་མི་དམངས་ཀྱི་དུས་ཆེན”ལ་བརྩིས་ནས་རྣམ་པ་ཚ་ཚ་འུར་འུར་ཞིག་བཏོད་དེ“མདོར་བསྡུས་ཀྱང་སྟབས་བདེ་མིན་པ་དང་ངོ་མཚར་དེ་བས་ཆེ་བ”དངོས་འབྲེལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།