[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་བསྡོམས་རྩིས་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ཇུས་གཞི་སོགས་དོན་གནད་ལ་ཞིབ་འཇུག་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-30

    ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་བསྡོམས་རྩིས་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ཇུས་གཞི་དང་། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་ག་དང་ས་ཁུལ་དང་གྲོང་ཁྱེར་གྱི་སྔོན་རྩིས་དོ་དམ་གྱི་ལས་རྗེས་དཔྱད་ཞིབ་ཀྱི་ལག་བསྟར་བྱ་ཐབས་གཉིས། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་རྒྱུ་དང་མཉམ་འདྲེས་ཐུབ་པར་བྱ་རྒྱུའི་ལག་བསྟར་བསམ་འཆར་སོགས་དོན་གནད་ལ་ཞིབ་འཇུག་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན་བཅས་ཚོགས་འདུར་ཞུགས་པ་རེད།

    ཁྲེན་ཡུང་ཆིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསྡོམས་རྩིས་ལྟ་བཤེར་གྱི་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་།“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་མཐོ་ཚད་ནས་བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་བྱས་རིགས་འགོག་ཟོན་དང་ཆད་གཅོད་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། བསྡོམས་རྩིས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་ཀྱིས་བསྡོམས་རྩིས་ལྟ་བཤེར་དག་ཐེར་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆིས། ས་གནས་ཁག་དང་སྡེ་ཚན་ཁག་ལ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ཕྱི་ཤུགས་བེད་སྤྱོད་ཡག་པོ་བྱེད་པ་དང་། ནང་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང“མདུན་གྲལ་དུ་སླེབས་པ་བཞི”ཡོང་བར་འབད་བརྩོན་བཅས་བྱས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱེད་པའི་ནང་གི་བོད་ཀྱི་དགེ་མཚན་ཆེ་རིགས་འདོན་སྤེལ་སྔར་བས་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ནང་གི་འགན་འཁྲི་འཁུར་སེམས་སྔར་བས་མངོན་པར་བྱེད་དགོས་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ནང་གི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་འགྲོ་བར་བྱེད་དགོས། རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་རྒྱུ་དང་མཉམ་འདྲེས་ཐུབ་པར་བྱེད་རྒྱུའི་ལག་བསྟར་བསམ་འཆར་ནང་བཏོན་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ། ཞིབ་ཅིང་ཕྲ་ལ་ནུས་ལྡན་གྱི་བྱ་ཐབས་བཟོ་བ་དང་རྣམ་གྲངས་ཅན་གྱི་དོ་དམ་དང་། ལས་གྲྭ་ཅན་གྱི་སྐུལ་འདེད། གསལ་ཐོ་ཅན་གྱི་བཀོད་གཏོང་བཅས་བྱས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་རྒྱུ་དང་མཉམ་འདྲེས་ཐུབ་པར་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་བྱས་པར་ཕན་འབྲས་དངོས་ཏན་ཏིག་ཐོན་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    རང་སྐྱོང་ལྗོངས་དང་། ས་ཁུལ། གྲོང་ཁྱེར་བཅས་ཀྱི་སྔོན་རྩིས་དོ་དམ་བྱས་འབྲས་ལ་དཔྱད་ཞིབ་ཀྱི་ལག་བསྟར་བྱ་ཐབས་གཉིས་ལ་ཞིབ་འཇུག་བྱེད་སྐབས། ཁྲེན་ཡུང་ཆིས་ས་གནས་ཁག་དང་སྡེ་ཚན་ཁག་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། “ལས་རྗེས་དཔྱད་ཞིབ་ངོ་མ་བྱེད་དགོས་པའི”བླང་བྱ་ལྟར། ནོར་སྲིད་དོ་དམ་གྱི་ལས་རྗེས་དཔྱད་ཞིབ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ། “མ་དངུལ་བཏང་བར་ཕན་འབྲས་གང་ཐོབ་མིན་རྩད་གཅོད་མཐའ་གསལ་བྱ་རྒྱུ་དང་ཕན་འབྲས་མེད་ན་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་རྒྱུ”དོན་ཐོག་ཏུ་འཁྱོལ་བར་བྱས་ནས་དངུལ་སྐར་མ་གཅིག་ཡིན་ཡང་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།