[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཡན་ཅིན་ཧའེ་ཡིས་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དུ་བརྟག་ཞིབ་གནང་བ།

    ཁྲེན་ཡུང་ཆིས་ལྷན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-30

    ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷན་དུ་བརྟག་ཞིབ་གནང་བ་རེད།

    འབྲོག་ལས་དང་ཆུ་ཐོན་དངོས་རྫས་ཁྲུའུ་རུ་ཡན་ཅིན་ཧའེ་ཡིས་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྐོར་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། འབྲོག་ལས་དར་རྒྱས་གཏོང་རྒྱུ་ནི་ཐོན་སྐྱེད་བརྟན་གཏོང་དང་མཁོ་སྤྲོད་འགན་ལེན་དང་དེ་བཞིན་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས་འབྲོག་ལས་ཐོན་སྐྱེད་ལ་ཞིབ་འཇུག་ཡག་པོ་བྱེད་དགོས་ལ་གཉེར་སྐྱོང་གི་ལས་དོན་ཡང་ཡག་པོ་སྒྲུབས་དགོས་ཞེས་གསུངས་ཡོད། ཞིང་ལས་འཕྲུལ་ཆས་ཅན་དོ་དམ་ཁྲུའུ་རུ་ཁོང་གིས། ཚན་ཞིབ་སྟོབས་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་དོན་དངོས་དགོས་མཁོ་དང་འཚམ་པའི་ཞིང་འཕྲུལ་ཞིབ་འཇུག་གསར་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འདེབས་འཛུགས་ལས་རིགས་དོ་དམ་ཁྲུའུ་རུ་ཁོང་གིས། རང་ལྗོངས་ཀྱི་འོད་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པས་ཚན་རྩལ་ལ་བརྟེན་ནས་འདེབས་འཛུགས་ལས་རིགས་གོང་འཕེལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཞིང་ལས་གྲོང་གསེབ་ལས་དོན་གྱི་སྙན་སེང་གསན་རྗེས་ཡན་ཅིན་ཧའེ་ཡིས། བོད་ཀྱི“ཞིང་གསུམ”ལས་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད་ཅིང་། དེ་ནི་རང་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི“བརྟན་པོའི”རྨང་རྡོ་དང་། དཔལ་འབྱོར་འཕེལ་རྒྱས“མགྱོགས་པའི”རྨང་གཞི། སྐྱེ་ཁམས་ཤེས་དཔལ“མཛེས་པའི”རང་མདངས། མཐའ་སྟོབས་མཐའ་དར“སྲ་བརྟན”གྱི་འགན་ལེན་བཅས་ཡིན་པས། དཔལ་འབྱོར་ལས་དོན་དང་དམངས་འཚོའི་ལས་དོན་ཞིག་ཡིན་ལ་དེ་བས་ཀྱང་ཆབ་སྲིད་ཀྱི་ལས་དོན་ཞིག་ཡིན་པས་དུས་ཡུན་རིང་པོའི་ལས་དོན་ལ་བརྩི་དགོས། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་ཡག་པོ་བསྲུངས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞན་ཆར་དམ་པོར་དམིགས་ཏེ་བྱ་ཐབས་དངོས་འདོན་པ། ནས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ། “ས་གྲོལ་འབྲུ་འདེབས་དང་། འབྲུ་རིགས་ལ་དོ་དམ་ནན་པོ། འབྲུ་རིགས་གསོག་འཇོག་འདང་ངེས། ཚན་རིག་དང་མཐུན་པར་འབྲུ་རིགས་བརྗེ་བ”བཅས་ཀྱི་འབྲུ་རིགས་གསོག་འཇོག་གི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་དང་ཞིང་ཞོར་ཐོན་རྫས་གྲབས་གསོག་གི་འཕྲལ་སྡོམ་འགན་ལེན་དང་ཉེན་ཁ་འགོག་ཟོན་གྱི་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ས་གནས་ཀྱི་ཁྱད་ལྡན་སོན་བཟང་འདེམས་གསོ་བྱ་རྒྱུར་དམིགས་པ། སོན་བཟང་གསོ་སྤེལ་རྟེན་གཞི་ཡག་པོ་སྐྲུན་པ། སོན་བཟང་གསོ་སྤེལ་མ་ལག་འཛུགས་པ། སྔོན་ཐོན་དངོས་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། གཟན་རྩྭ་འདེབས་འཛུགས་ལ་དམིགས་པ་དང་། ས་ཆའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། སྔོ་གཟན་དང་སྤུས་ལེགས་ཕྱུགས་རྩྭ་སོགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། “སྣེ་འདྲེན་ཁེ་ལས”ལ་དམིགས་ཏེ་གཞི་ཁྱོན་ཅན་དང་། ཁྲོམ་ར་ཅན། ཚད་གཞི་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་འགྲོ་ལམ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གི་ཁྲིད་སྟོན་ལ་ཤུགས་སྣོན་དང་། དཔེ་མཚོན་གྱི་ཁྲིད་སྟོན་ལ་མཐོང་ཆེན། ཉམས་མྱོང་དང་སྟོབས་ཤུགས་ལྡན་པའི་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལྟ་བར་འགྱུར་ལྡོག་ཧུར་ཐག་གཏོང་བ། ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་ས་ཆ་བརྒྱུད་བཤུག་བྱེད་པ། ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་བྱེད་པ། རིན་ཐང་གི་འཁོར་འབྲེལ་མཐོ་རུ་གཏོང་བ་བཅས་བྱེད་དགོས། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པར་གསང་སྤྱོད་གསར་བརྗེ་དང་། འཚོ་བའི་བཙོག་ཆུ་གཙང་གསིང་། མི་ཕྱུགས་ལོགས་དབྱེ་སོགས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་མིའི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་དང་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་སྐོར་གྱི་རྒྱལ་ཁབ་ཀྱི་གཏན་འབེབས་བྱ་སྤྱོད་ཇི་མ་ཇི་བཞིན་ལེགས་སྒྲུབ་བྱེད་དགོས། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བར་གནད་སྨིན་འབུར་དུ་ཐོན་པ་དང་། དགོས་མཁོའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། རིགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་ཡག་པོ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་གསོ་སྦྱོང་གི་དངོས་ཕན་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་ནས་མི་སེར་ཚོས་དངོས་གནས་སྦྱོང་འདོད་པ་དག་སྦྱོང་ཐུབ་པ་དང་སྦྱངས་རྗེས་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།