[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་བརྟག་ཞིབ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-13

     ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ཏིང་ཡེ་ཤན་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་ཕེབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ། དཔྱིད་དུས་སློབ་འགོ་འཛུགས་རྒྱུ་དང་གཙོ་གནད་ལས་དོན་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། སློབ་གྲྭའི་ལས་དོན་ཨུ་ལྷན་གྱི་ཁོངས་མི་དང་འབྲེལ་ཡོད་ཁྲུའུ་དང་གཞུང་དོན་ཁང་གི་བློ་མཐུན་དང་མཉམ་དུ་ཏང་གི་སློབ་གྲྭའི་སློབ་གཉེར་སློབ་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་གལ་ཆེན་གྱི་དགོངས་དོན་མཉམ་དུ་སློབ་སྦྱོང་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སློབ་གྲྭའི་ལས་དོན་སྲོལ་ཡིག》དང་རྒྱལ་ཡོངས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི(ཡོན་ཀྲང)ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན།

    གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་དགོས། སྔ་བར་ཕྱི་གསུམ་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་ཏང་གི་སློབ་གྲྭའི་ལས་དོན་ཁག་དང་བརྒྱུད་རིམ་ཧྲིལ་པོའི་མགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སློབ་གྲྭའི་སློབ་གྲྭ་གཉེར་བ་དང་སློབ་གྲྭ་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་བྱེད་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས།

    ཏང་གི་སློབ་གྲྭའི་སློབ་གསོ་བརྒྱུད་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟེན་འགྱུར་མེད་ཀྱི་རང་བཞིན་དེ་བས་ནུས་ལྡན་གྱི་སྒོ་ནས་ཆེ་རུ་གཏོང་དགོས།

    གཉིས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་འགུལ་ངང་ཐག་པ་ཁུར་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་སྤྱི་ཡོངས་གཉིས་སེམས་ལ་བཅངས་ནས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོའི་ལས་རིགས་གཙོ་བོའི་སློབ་ཚན་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་རྒྱུར་དམིགས་ནས། ཆེད་ལས་ཀྱི་སློབ་ཚན་བཀོད་སྒྲིག་དེ་བས་ལེགས་སུ་གཏོང་བ་དང་། དགེ་རྒན་གྱི་དཔུང་ཁག་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་པ། སློབ་ཁྲིད་དང་། ཚན་ཞིབ། བློ་འདྲི། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་འཐབ་ཇུས་ཀྱི་བསམ་པ་དང་། གསར་གཏོད་ཀྱི་བསམ་པ། རྩོད་སྒྲུབ་ཀྱི་བསམ་པ། ཁྲིམས་སྐྱོང་གི་བསམ་པ། མཐའ་ཚད་ཀྱི་བསམ་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས།

    གསུམ་ནས་རིགས་པའི་གཞུས་ལུགས་ཀྱི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་དགོས། ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོ་དང་ཁྲོ་ཐབ་ཆེན་པོའི་ནུས་པ་འདོན་སྤེལ་བྱས་ཏེ་ཏང་གི་ལྟེ་བའི་ལས་དོན་དང་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཚན་ཞིབ་ལས་དོན་སྤེལ་བ་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ཞིབ་འཇུག་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་གྲུབ་འབྲས་ཐོན་པའི་ལག་ལེན་གྱི་ཞིབ་འཇུག་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཇུས་འདོན་ཚོགས་པ་གསར་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་དགོས།

    བཞི་ནས་གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྤྱི་འདོམས་འཆར་འགོད་ཡག་པོ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས། དཔྱིད་དུས་སློབ་འགོ་ཚུགས་པ་དང་སློབ་ཞུགས་གོང་གི་བརྟག་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་སྤྱི་འདོམས་བྱེད་པ་དང་། རང་ལྗོངས་སུ《ཀྲུང་གོ་གུང་ཁྲན་ཏང་གི་སློབ་གྲྭའི་ལས་དོན་སྲོལ་ཡིག》ལག་བསྟར་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་དགོས། ཏང་ནན་པོས་སྐྱོང་བའི་བླང་བྱ་དང་སློབ་གྲྭ་ནན་པོས་སྐྱོང་བའི་བྱེད་ཕྱོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྲོལ་འཛུགས་སྐྱོང་བྱེད་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་ལ་བརྩིས་ནས་སློབ་གྲྭ་ནན་པོས་སྐྱོང་བ་དང་། དགེ་རྒན་ནན་པོས་སྐྱོང་བ། སློབ་མ་ནན་པོས་སྐྱོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།