[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པ་གྲོལ་བ།

    བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པའི་གྲོས་རིམ་ཁག་ལེགས་པར་གྲུབ་ནས་ཚེས་29ཉིན་གྱི་ཕྱི་དྲོ་གྲོལ་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ།  བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང་། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅིས་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་བཅས་ཕེབས་པ་རེད། 

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་2020ལོའི་ཟླ་1ཚེས་7ཉིན་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། 

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། 《〈ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་9ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་། 《〈ལྷ་ས་གྲོང་ཁྱེར་གྱི་གནས་སྐབས་སྡོད་པའི་མི་སྣའི་ཞབས་ཞུ་དོ་དམ་སྲོལ་ཡིག〉རྩིས་མེད་དུ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 《གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་བྱ་ཐབས》 《གཞིས་རྩེ་གྲོང་ཁྱེར་གྱི“སྒོ་རྩའི་འགན་ལེན་གསུམ”གྱི་འགན་འཁྲིའི་ལམ་ལུགས་ཀྱི་དོ་དམ་སྲོལ་ཡིག》 《ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》བཅས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། 

    ཚོགས་འདུའི་ཐོག《2019ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་རེད། ད་དུང་མི་དོན་བསྐོ་འཐེན་དོན་གནད་ལ་གྲོས་འཆམ་བྱུང་བ་དང་བསྐོ་གཞག་ཡི་གེའང་སྤྲད་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་དང་། བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་གཅིག་གྱུར་དང་། 《གཏན་འབེབས》ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར། 《གཏན་འབེབས》ནང་བཏོན་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱའི་ཐོག་གཅིག་གྱུར་བཅས་མཐའ་གཅིག་ཏུ་ཡོང་བ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས། ཚོགས་ཞུགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལྗོངས་གཏོད་པའི་སྲོལ་ཡིག(འཆར་ཟིན)》ལ་ཚད་མཐོའི་ཁས་ལེན་བྱས་པ་མ་ཟད་བསམ་འཆར་ཡང་ཧ་ཅང་ཡག་པོ་བཏོན་ཡོད། ཁྲིམས་འཛུགས་ལས་དོན་གྱི་ཆེད་དོན་ཚན་ཁག་གིས་ཞིབ་འཇུག་ནན་ཏན་དང་དང་ལེན་གང་ལེགས་བྱས་ཏེ《སྲོལ་ཡིག(འཆར་ཟིན)》སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ནན་ཏན་བྱས་ཏེ《སྲོལ་ཡིག(འཆར་ཟིན)》ཞིབ་ཀློག་དང་གྲོས་བསྡུར་བྱེད་དགོས་ཞེས་གསུངས་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོགས་པ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། དེས་ན་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ཚོགས་ཆེན་གྱི་སྒྲིག་འཛུགས་དང་གྲ་སྒྲིག་ལས་དོན་དང་ཚོགས་འདུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་གླེང་ཕྱོགས་ཀྱི་རྣམ་པ་དང་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།