[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་དང་། བོད་རང་སྐྱོང་ལྗོངས་སྨན་ཁང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོཌ་དམངས་འཚོའི་རྣམ་གྲངས་འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བྱས་པ་རེད། 

    ཆེ་དགྲ་ལྷས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་དང་། བོད་རང་སྐྱོང་ལྗོངས་སྨན་ཁང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་བཅས་བསྐྲུན་པའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་། ཙུང་ལི་ལི་ཁེ་ཆང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ལུགས་ཡང་མངོན་གྱི་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་མཐུན་སྒྲིལ་གཞོགས་འདེགས་བྱས་ནས་དམངས་འཚོའི་རྣམ་གྲངས་གསུམ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བར་འགན་ལེན་བྱེད་དགོས། སྤུས་ཚད་འགན་ལེན་བྱེད་པར་སྤུས་ཚད་ཨང་དང་པོ་ཡོང་རྒྱུ་དེ་ལྷུ་ཚིགས་ཁག་ཏུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔ་ཙམ་སྐྲུན་པ་དང་། སྔ་ཙམ་བེད་སྤྱོད། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱེད་དགོས་པ་དང་། བདེ་འཇགས་འགན་ལེན་བྱེད་པར་མུ་མཐུད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཀྱི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་རྦད་དེ་བདེ་འཇགས་ཡོང་བར་བྱེད་དགོས་པ། མྱུར་ཚད་འགན་ལེན་བྱེད་པར་བདེ་འཇགས་ཐོན་སྐྱེད་དང་ལས་གྲྭའི་སྤུས་ཚད་འགན་སྲུང་བྱས་པའི་སྔོན་འགྲོའི་འོག་དམིགས་ཚད་དང་ལས་འགན་ལ་དམ་པོར་གཞིགས་ནས་ལས་དུས་ལྡོག་བསྒྲིགས་དང་དགུན་དུས་ཨར་རྒྱག་གི་ལས་དོན་ཡག་པོ་སྤེལ་ཏེ་རྣམ་གྲངས་འཛུགས་སྐྲུན་དང་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་གཅིག་འདོམས་བྱེད་དགོས་པ། དངུལ་བེད་སྤྱོད་ཡག་པོ་གཏོང་བར་མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་སྐར་མ་གཅིག་ཀྱང་གྲོན་ཆུང་ངང་ལེགས་པར་སྤྱོད་དགོས་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།