[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    ཚེས་6ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཁེ་ཆང་གི་མཛུབ་སྟོན་གྱི་དགོངས་དོན། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཚོགས་ཆེན་གྱི་དགོངས་དོན་གཙོ་བོ་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་ལྗོངས་ཡོངས་ཀྱི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་དང་རེས་སྐོར་གཉིས་པའི་ལྟ་བཤེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་ནས《བོད་རང་སྐྱོང་ལྗོངས་ཀྱིས་དངུལ་རྩའི་ཉེན་ཁ་གལ་ཆེན་འགོག་ཟོན་དང་སེལ་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(གྲོས་བསྡུར་གྱི་མ་ཟིན)》ཞིབ་འཇུག་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ལུགས་གསོ་རིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་སླར་ཡང་མཚོན་ཡོད། བོད་ཀྱི་གསོ་བ་རིག་པ་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ཡིན་པའི་ངོས་ནས་འབྱུང་ཁུངས་དང་རྩ་བ་ཚུགས་ས་ཀྲུང་ཧྭ་མི་རིགས་ཡིན་པས་བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཡག་པོ་གཏོང་རྒྱུ་དེ་མེས་རྒྱལ་གཅིག་གྱུར་སྔར་བས་སྲུང་སྐྱོང་བྱེད་པ་དང་།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་བདེ་ཐང་ཡོང་བ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དང་ཐོན་ལས་ཅན་ལ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་འགོ་ཁྲིད་ཀྱི་སྒྲིག་གཞི་གང་མགྱོགས་འཛུགས་པ་དང་། རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། བསམ་བློ་སྔར་བས་གཅིག་གྱུར་བཅས་ཡོང་བ་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག བོད་སྨན་ཁེ་ལས་ཁག་བཅས་ཀྱིས་ལྗོངས་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས“མིག་མངས་འགྲིག་སྐོར་གཅིག”ལྟ་བུའི་འདུ་ཤེས་བཙུགས་ནས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། བསམ་བློ་སྔར་བས་བཅིངས་འགྲོལ་དང་། བློ་རྒྱ་ཡངས་བ། འདུ་ཤེས་གསར་བརྗེས་བཅས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། “ནང་དུ་འདྲེན་པ་དང་ཕྱིར་སྐྱོད་ཤུགས”ཆེ་རུ་གཏོང་བ། རང་ལྗོངས་ཀྱི་བོད་སྨན་ཁེ་ལས་ཀྱིས་ནང་སའི་ཀྲུང་ལུགས་སྨན་རྫས་ཁེ་ལས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱ་རྒྱུར་རམ་འདེགས་བྱེད་པ། མཉམ་ལས་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རང་ལྗོངས་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཤེས་ལྡན་པ་ཐོན་ལས་ཕྱོགས་སུ་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། ད་ཡོད་ཀྱི་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་རྩ་ཆེའི་གོ་སྐབས་དམ་འཛིན་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བདེན་སྲུང་གསར་གཏོད་བྱེད་མཁན་གྱི་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་བསྟན་ཡོད། 

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པས། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། ལྷག་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་གྲོང་ཁྱེར་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་དང་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་འཆར་འགོད་ཡག་པོ་བྱེད་པ་དང་། འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་རྒྱུན་མཐུད་ཐུབ་རྒྱུར་སྣང་ཆེན་བྱེད་པ། གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་དྲན་འཆར་སོར་འཇོག་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཆོས་ལུགས་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་པ་དང་། རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱ་རྒྱུའི་ཐད་སྤྱད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་མཐའ་འཁྱོངས་ཀྱིས་ཆོས་དད་རང་མོས་འགན་ལེན་གྱི་རྨང་གཞིའི་ཐོག་དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་བྱུང་བའི་ཤུགས་རྐྱེན་ངན་པ་བསལ་ནས་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། 

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཐོན་པའི་ཕན་འབྲས་ཁས་ལེན་གང་ལེགས་བྱས་ཤིང་། ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྒྱུན་གཏན་གྱི་སློབ་གཞིར་བརྩི་བ་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་སློབ་གཞིར་བརྩིས་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་དངོ་ནང་དུ་ཕྱོགས་པའི་བློ་སྟོབས་ཐོག་ནས་གནད་དོན་ལ་དམིགས་པ་དང་གནད་དོན་ལ་དམིགས་ནས་སྒྱུར་བཅོས་བྱས་ཏེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ཧུར་ཐག་སེལ་བ་དང་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་འབྲེལ་ཚོར་བ་བྱེད་དགོས་ཞེས་བསྟན་ཡོད། 

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་རེས་སྐོར་གསར་པའི་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པ་དང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་བྱས་ཏེ་བསམ་བློའི་ངོས་འཛིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཆེས་ནན་ཤོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་སྤྱོད་པ། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོར་སྔོ་ལྗང་རི་བོ་ཡུན་གནས་དང་། དྭངས་གཙང་ཆུ་བོ་རྒྱུན་བཞུར། མཁའ་རླུང་ནམ་ཡང་སོས་པ་བཅས་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། 

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།