[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-17

    ཚེས་15ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སླར་ཡང་བཀོད་སྒྲིག་གནང་ཞིང་། ཁོང་གིས་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། དེ་བས་གནད་སྨིན་གྱི་ལས་ཞུགས་ཞབས་འདེགས་ཞུ་བ། ལོ་འཁོར་མོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    ས་ཁུལ་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ལས་ཀའི་སྙན་ཞུ་གསན་རྗེས་། ཏིང་ཡེ་ཤན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཚང་མས་འབད་བརྩོན་བྱས་པ་དང་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་འདི་ལོ་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་དབྱང་གི་ལས་ཞུགས་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་ཀྱི་ལས་གནས་རྒྱ་ཆེར་གཏོང་བ་སོགས་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ལྷག་དོན་དུ་ལྗོངས་ཡོངས་ཀྱི་ལས་བྱེད་པ་11807ལས་ཞུགས་རོགས་སྐྱོར་ནང་ཞུགས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མིག་སྔའི་བར། ལྗོངས་ཡོངས་སུ་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་18243ལས་ཞུགས་ཐུབ་པ་དང་ཁྱོན་ལས་ཞུགས་ཐུབ་ཚད་77.89%ཟིན་ཡོད་ཅེས་གསུངས་པ་རེད།

    གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད། ཏིང་ཡེ་ཤན་གྱིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་དོན་སྙིང་གལ་ཆེན་སྔར་བས་ཤེས་རྟོགས་ཐུབ་པ་བྱས་ཏེ། ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། བརྟན་ལྷིང་གི་རྨང་གཞི། ཞི་མཐུན་གྱི་འབྱུང་རྩ་བཅས་ཡིན་པའི་ནང་དོན་ཟབ་མོ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད་པའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་དམ་འཛིན་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཆེད་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་འཁུར་བ་དང་། ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ལག་བསྟར་བྱེད་པ། ལེགས་སྐྱེས་ཆེན་པོ་འབུལ་བ་བཅས་འཐབ་ཇུས་ཀྱི་མཐོ་ཚད་ནས་ལས་དོན་ཁག་ཡག་པོ་བསྒྲུབ་སྟེ། སྤུས་ཚད་དེ་བས་མཐོ་བ་དང་འཐུས་སྒོ་དེ་བས་ཚང་བའི་ལས་ཞུགས་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཀའི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། ཙུང་ལི་ལི་ཁེ་ཆང་གིས་ཞིང་ཆེན་ཁག་གཅིག་གི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལས་ཞུགས་ལ་འཕྲད་པའི་དུས་བབ་དང་འགྲན་སློང་གསལ་པོ་ཤེས་པ་བྱས་ཏེ། སྤྱི་འབོར་དང་གྲུབ་ཆའི་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་དང་དགོས་མཁོ་དོ་མི་སྙོམས་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ལས་ཞུགས་ཀྱི་བྱེད་པོ་དང་མི་སྤྱོད་ཚན་པའི་དགོས་མཁོ་མི་སྙོམས་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། བྱེད་པོའི་འགན་འཁྲི་དམིགས་སར་མི་འཁྱོལ་བ་དང་གནས་འཛོལ་གནས་བྱོལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་སྲོལ་རྒྱུན་གྱི་ལས་ཞུགས་ལྟ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ཏེ། གནད་དོན་ལ་ཞིབ་ལྟ་དང་དག་ཐེར་བྱས་ནས་ལས་འགན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་ཀྱི་འགན་འཁྲི་ནན་དུ་བཏང་ནས་བསྡོམས་རྩིས་དང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། “གཅིག་གཏད་གཅིག”དང“མང་གཏད་གཅིག”གི་ལས་ཞུགས་རོགས་སྐྱོར་ལས་དོན་རྒྱུན་མཐུད་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ས་གནས་ཁག་དང་སྡེ་ཚན་ཁག་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་དགས་ཁ་གསབ་ཀྱི་ཚབ་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་གྱི་ལས་ཞུགས་ལས་ཀར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། ལས་ཞུགས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་དང་སྣེ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་ལས་ཞུགས་ལས་གཏོད་ལས་ཀའི་ནང་དོན་གཙོ་བོ་དང་། དོན་སྙིང་གལ་ཆེན། དམིགས་ཡུལ་གལ་ཆེན་བཅས་དྲིལ་བསྒྲགས་བྱེད་པ་དང་། དཔེ་མཚོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཕྱིར་བསྐྱོད་དེ་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཧྲིལ་པོས་ལས་ཞུགས་ལས་གཏོད་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།