[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཆེ་དགྲ་ལྷ་དང་ཏིང་ཡེ་ཤན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས“འདུ་ཤེས་བཞི”ཏན་ཏིག་ངང་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་སྒོ་ནས་ལས་ཁུངས་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་དུས་རབས་གསར་པའི་བོད་ཀྱི་ལས་ཁུངས་སྒྲིག་ཁོངས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་དང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལས་ཁུངས་སྒྲིག་ཁོངས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་དམིགས་ཏེ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་ལས་ཁུངས་སྒྲིག་ཁོངས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བས་དུས་རབས་གསར་པའི་ལས་ཁུངས་སྒྲིག་ཁོངས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚན་རིག་གི་ཁྲིད་སྟོན་དང་རྩ་བ་གཞི་འཛིན་ས་བྱུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དམིགས་བསལ་གྱི་ཐུགས་ཁུར་གནང་བ་དངོས་འབྲེལ་ཚོར་བ་བྱས་ཐོག་ལས་ཁུངས་སྒྲིག་ཁོངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ལས་ཁུངས་སྒྲིག་ཁོངས་ལས་དོན་དེ་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བོད་ཀྱི་ལས་དོན་གྱི་གཙོ་གནད་ལས་འགན་ནང་བཞག་ནས་འཆར་འགོད་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ནང་བཞག་ནས་འཆར་འགོད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱེད་པ་བཅས་ཀྱི་སྒོ་ནས་བོད་ཀྱི་ལས་ཁུངས་སྒྲིག་ཁོངས་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཏང་གིས་ལས་ཁུངས་སྒྲིག་ཁོངས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ལས་ཁུངས་སྒྲིག་ཁོངས་ལས་དོན་གྱི་འཐབ་ཇུས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱེད་པ། ལས་ཁུངས་སྒྲིག་ཁོངས་ལས་དོན་གྱི་དམིགས་ཚད་ཀྱི་ལས་འགན་དང་གཞི་རྩའི་རྩ་དོན་སྟངས་འཛིན་ནན་པོ་བྱེད་པ། བྱ་ཐབས་སྔར་བས་མང་བ་དང་། སྔར་བས་ཏན་ཏིག སྔར་བས་གོ་ཆོད་པ་བཅས་འཚོལ་ཞིབ་བྱེད་པ།  ལས་ཁུངས་ཀྱི་འགན་ནུས་མ་ལག་འཛུགས་སྐྱོང་བྱེད་རིང་གནས་པའི་འགོག་རྐྱེན་དང་སྐྱོན་ཆ་གཙོ་གནད་དུ་མེད་པར་བཟོ་བ་བཅས་ཀྱི་སྒོ་ནས་ཚད་ཡོད་ཀྱི་སྒྲིག་ཁོངས་ཐོན་ཁུངས་དེ་གནད་ལ་འཁེལ་བར་སྤྱོད་པ་མ་ཟད། དེ་བས་དགོས་མཁོ་ཆེ་ཤོས་སུ་སྤྱོད་དགོས། སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁུངས་ལེགས་སྒྲིག་བཟང་སྒྲིག་ཡག་པོ་དང་བཀོད་སྒྲིག་བེད་སྤྱོད་ཡག་པོ་བྱས་ནས་ལས་ཁུངས་ཀྱི་སྒྲིག་ཁོངས་ཀྱི་སྐུལ་གཏོང་ནུས་པ་འདོན་སྤེལ་གང་ལེགས་ཐོག་ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁུངས་བེད་སྤྱོད་དང་ཕན་འབྲས་དངོས་ཐོན་པའི་དབར་གྱི་མཉམ་འགུལ་བཟང་པོར་སྐུལ་མ་གཏོང་བ་དང་། སྡེ་ཚན་དབར་དང་། ས་ཁུལ་དབར། རིམ་པ་དབར་སྒྲིག་གཞི་ཡོད་ཀྱང་བེད་སྤྱོད་མི་བྱེད་པ་དང་སྒྲིག་ཁོངས་མེད་པར་དགོས་པ་ཆེ་བ་མཉམ་དུ་གནས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ལས་ཁུངས་སྒྲིག་ཁོངས་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་སྤེལ་བའི་འགན་ལེན་བྱེད་དགོས། ལས་ཁུངས་སྒྲིག་ཁོངས་དོ་དམ་ནན་དུ་བཏང་ནས་ལས་ཁུངས་ཀྱི་སྒྲིག་ཁོངས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འགན་འཁྲི་མི་འཁུར་བ་དང་། བྱས་རྗེས་མི་འཇོག་པ། སྒྱིད་ལུག་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ་མ་ཟད། ལས་བྱེད་པ་དང་ལས་བཟོའི་སྙིང་སྟོབས་སྤེལ་ནས་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་དང་རང་རྟོགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་ལས་ཁུངས་ཀྱི་སྒྲིག་ཁོངས་ལས་དོན་གྱི་འགོ་འཛུགས་ས་དང་དོན་ས་འབབ་སར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ལས་ཁུངས་ཀྱི་སྒྲིག་ཁོངས་ལས་དོན་ལས་བྱུང་བའི་འགྱུར་ལྡོག་གསར་པ་དངོས་སུ་ཚོར་བར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།