[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷ“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལས་དོན་གྱི་ས་ཆ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-12

    “དྲ་སྦྲེལ་+སྲིད་དོན་ཞབས་ཞུ”ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི“རིམ་གསུམ”ཚོམས་ཆེན་གྱི་འཛུགས་སྐྲུན་གནས་ཚུལ་དང་རང་སྐྱོང་ལྗོངས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ས་ཆ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།

    མིག་སྔར་རང་སྐྱོང་ལྗོངས་རིམ་པའི་སྲིད་དོན་ཞབས་ཞུའི་དོན་དག་དྲ་ཐོག་ནས་སྒྲུབ་ཐུབ་ཚད་90%ལྷག་ཙམ་ཟིན་པ་དང་གྲོང་ཁྱེར་དང་རྫོང་རིམ་པ་70%ལྷག་ཙམ་ཟིན་ནས་2019ལོའི་ལོ་མཇུག་ཏུ“9070”གྱི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་ཟིན་ཏེ་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་དང་ཆུས་བཅས་རིམ་གསུམ་གྱི་དྲ་ཐོག་ནས་དུས་གཅིག་ཏུ་ལས་དོན་སྒྲུབ་ཐུབ་རྒྱུ་རེད། གཞན་ཡང་། སྲིད་དོན་ཞབས་ཞུའི“རིམ་གསུམ”ཚོམས་ཆེན་གྱི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་ནས་རང་སྐྱོང་ལྗོངས་ཀྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལྟ་སྐུལ་མ་ལག་དང་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་མ་ལག་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ནས་འཁོར་རྒྱུག་བྱེད་པའི་ཆ་རྐྱེན་འཛོམས་ཡོད། རང་ལྗོངས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུ”མེད་པ་ནས་ཡོད་པའི་བར་མངོན་འགྱུར་བྱུང་ནས་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།