[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-13

    ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གསུམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་གཞིར་བཟུང་། ཟླ་4ཚེས་10ཉིན་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཕེབས་པ་རེད། 

    ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད། 

    ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ནི་ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ལག་ལེན་ནུས་ལྡན་ཞིག་དང་། ཆེད་དོན་སྐོར་གཟིགས་དག་ཐེར་ལས་འགན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། 

    ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། 

    ཐོག་མར་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་དུ་རྒྱུན་ཨུའི་ཚན་ཁག་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་ཞིབ་ཕྲ་གནང་བ་དང་། གནད་དོན་ཐོན་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབད་འཐབ་ཁ་ཕྱོགས་དང་དག་ཐེར་བྱེད་ཐབས་བཏོན་གནང་བ་རེད། 

    དེ་རྗེས་ཝུའུ་དབྱིང་ཅེས་སྣེ་ཁྲིད་དེ་ཞིབ་བསྡུར་སྐྱོན་བཤེར་གྱིས་རང་སྐྱོན་རང་བརྗོད་གནང་བ་མ་ཟད། རྒྱུན་ཨུ་བློ་མཐུན་ཁག་གི་སྐྱོན་བརྗོད་རང་འགུལ་ངང་དང་ལེན་ཞུས་པ་རེད། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་སོགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མིས་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་རམ་ཡང་ན་ཡིག་ཐོག་གི་གཏམ་བཤད་མཁོ་འདོན་གནང་བ་རེད། ཝུའུ་དབྱིང་ཅེས་འགོ་ཁྲིད་དེ་ཚང་མར་སྐྱོན་བརྗོད་དང་ལྷག་པའི་གནད་དོན་བཏོན་གནང་བ་མ་ཟད། དག་ཐེར་གྱི་བླང་བྱ་ཡང་བཏོན་གནང་བ་རེད། རྒྱུན་ཨུའི་བློ་མཐུན་དབར་སྐྱོན་བརྗོད་ནན་པོ་གནང་བ་རེད། ཚང་མས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཆེད་དོན་སྐོར་གཟིགས་གནས་ཚུལ་ཚུར་ལན་བྱས་པ་ནས་བཟུང་། ལྗོངས་ཏང་ཨུད་ཀྱིས་ཆེད་དོན་སྐོར་གཟིགས་དག་ཐེར་དོན་འཁྱོལ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། 

    ཝུའུ་དབྱིང་ཅེས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མུ་མཐུད་སློབ་སྦྱོང་དང་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱས་ནས། ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་ཐོག་རྗེས་སྙེགས་སློབ་སྦྱོང་། བསམ་གཞིག་ཟབ་མོས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ཏེ་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། འགན་འཁུར་ཐུབ་པ། འཇོན་ཐང་རྒྱས་ཐུབ་པ། འཁྲི་འགན་ལེན་ཐུབ་པ། ངར་ཤུགས་འཕེལ་བ། སྤྱོད་གཙང་སྲུང་ཐུབ་པ་བཅས་བྱེད་དགོས། མུ་མཐུད་འགན་འཁྲི་ནན་དུ་བཏང་ནས་དག་ཐེར་ལ་དམ་འཛིན་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ། གང་ཐུབ་ཅི་ཐུབ་དང་། འཁོས་དཔག་ལས་སྒྲུབ། གྲོན་ཆུང་སྔོན་དུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་འཁྱག་དུས་གོས་དང་ལྟོགས་དུས་ཟས་མང་ཙམ་སྐྱེལ་བ་དང་གཡང་རྩེའི་སྒང་ལ་ཡས་སྒྲོན་ཉུང་ཙམ་བརྒྱབ་ནས་དངོས་ཡོད་དང་ཁ་བྲལ་བ་དང་། ཚད་གཞི་མཐོ་རུ་གཏོང་བ། ཧམ་སེམས་ཆེ་དྲགས་པ་བཅས་ཀྱི་རྐྱེན་པས། “ཕན་བདེའི་དོང་རྙི”དང“གཡང་གཟར་ཕན་ནུས”བཟོ་རྒྱུ་མེད་ལ། དབུལ་སྒྲོལ་རྫུས་མ་དང་། ཚད་གཞི་དམའ་རུ་གཏོང་བ། ངོ་བོར་ཤུགས་རྐྱེན་བཟོ་བ་བཅས་བྱས་ནས་མི་དམངས་ཀྱི་ཡིད་ཆེས་ཀྱང་ཤོར་མི་རུང་། ལས་བྱེད་པས་འགན་འཁུར་ལས་སྒྲུབ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་ལྕག་སྐུལ་བྱས་ནས་གཞི་རིམ་དབུལ་སྐྱོར་གྱི་འཐབ་ས་དང་པོའི་ལས་བྱེད་པར་ཐུགས་ཁུར་གཅེས་སྐྱོང་དང་། ལས་བྱེད་པས་ལས་དོན་སྒྲུབ་པའི་ཧུར་སེམས་དང་། རང་འགུལ་བསམ་པ། གསར་གཏོད་བྱེད་སེམས་བཅས་ལ་སྲུང་སྐྱོང་དང་འཕེལ་བ་བྱས་ཏེ། དབུལ་སྒྲོལ་གྱི་འཐབ་ས་མདུན་མར་ལེགས་སྐྱེས་འབུལ་བར་བརྩོན་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ལས་ཀའི་དམིགས་ཚད་ལ་ཕྱོགས་པ་དང་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་བཏང་སྟེ། སྐུལ་འདེད་ཤུགས་ཆེན་བཏང་ནས་རྦབ་རྡོ་གྱེན་འགྲིལ་གྱི་ངར་ཤུགས་ལྡན་པ་དང་། འབད་འབུངས་ཡར་བརྩོན་གྱིས་དཀའ་ངལ་ཁྱད་བསད་བྱེད་པ། རྦད་དེ་རྒྱལ་ཁ་མ་ཐོབ་ན་མཚམས་གཏན་ནས་མི་འཇོག་པ་བཅས་བྱས་ཏེ་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས། རང་ས་རང་ཡུལ་ནས་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ། དབུལ་སྐྱོར་གནས་སྤོ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་། ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་དབར་གྱི་འབྲེལ་བ། བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ཁུངས་གསར་སྤེལ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བའི་དབར་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱེད་དགོས་ལ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། དཀའ་སྤྱད་འབད་འཐབ་དང་རང་ཁ་རང་གསོ་བཅས་དབར་གྱི་འབྲེལ་བ་ཡང་ཐག་གཅོད་ཡག་པོ་བྱེད་དགོས། ཤིན་ཏུ་དབུལ་བའི་རྫོང་དབུལ་པོར་དམིགས་ནས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས། བོད་སྐྱོར་དབུལ་སྐྱོར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། དབུལ་ཞྭ་ཕུད་ཟིན་པའི་དབུལ་སྒྲོལ་རྫོང(ཆུས)ལ་དམིགས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དབུལ་སྒྲོལ་གྱི་གྲུབ་འབྲས་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་དུས་ཚོད་ཀྱི་ཚོད་བགམ་ཐེག་པའི་འགན་ལེན་ཡང་བྱེད་དགོས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བསམ་བློ་སློབ་གསོའི་གནད་དོན་ཡང་ཐག་གཅོད་བྱས་ནས་དབུལ་སྐྱོར་བློ་སྐྱོར་ལ་ཤུགས་སྣོན་དེ་བས་ཆེ་བ་རྒྱག་པ་དང་། སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལག་ལེན་གྱི་ཁྲིད་སྟོན་ལ་མཐོང་ཆེན་བཅས་བྱས་ཏེ། མང་ཚོགས་དབུལ་པོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་དཀའ་སྤྱད་ལག་ཟུང་ལ་བརྟེན་ཏེ་ད་ཆའི་དབུལ་ཕོངས་ཀྱི་གནས་བབ་ལ་འགྱུར་ལྡོག་བཏང་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། གོང་རིམ་གྱིས་འོག་རིམ་གྱི་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་བཅད་ནས་མང་ཚོགས་ལ་སྟབས་བདེ་དང་ཕན་པ་སྤྲོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང“སྤྱོད་ཚུལ་བཞི”དང་ལྷག་དོན་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་དགོས། 

    མཇུག་ཏུ་ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་གོ་སྐབས་སུ་བྱས་ནས་རྣམ་འགྱུར་བརྟན་ཤོས་དང་། སྤྱོད་ཚུལ་ནན་ཤོས། བླང་བྱ་ནན་ཤོས། བྱ་ཐབས་ནན་ཤོས་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།