[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ལྷ་སར་དུས་ཆེན་གྱི་བདེ་སྲུང་ཞབས་ཞུ་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    ཚེས་4ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་། ར་མོ་ཆེ་གཙུག་ལག་ཁང་། བར་སྐོར་ཁྲོམ་གཞུང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་དུས་ཆེན་གྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ཞབས་ཞུ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། ལས་གནས་བརྟན་སྲུང་གི་འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་བ། གྲོང་མི་དང་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཚང་མར་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

    ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། འབྲེལ་ཡོད་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་འཐའ་འཁྱོངས་བྱེད་པ། བདེ་འཇགས་བརྟན་ལྷིང་དང་དགའ་སྤྲོ་འཆམ་མཐུན་ཡོང་རྒྱུ་དམིགས་ཚད་དུ་བྱས་ཏེ་སྤྱི་ཚོགས་བདེ་འཇགས་དང་འགྲིམ་འགྲུལ་བདེ་འཇགས། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། དད་ལྡན་མང་ཚོགས་ཀྱི་བསམ་བློ་དང་སེམས་ནུས་དེ་ཐོན་སྐྱེད་གོང་འཕེལ་དང་། བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཐོག་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དམངས་ལ་སྟབས་བདེ་དང་། དམངས་ལ་ཕན་པ། དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ཏེ་ཡ་རབས་ངང་ལས་སྒྲུབ་དང་ཞབས་ཞུ་ཡག་པོ་ཡོང་བ་བྱས་ནས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།