[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་བྱིས་པ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་རོགས་སྐྱོབ་དང་། རྩིས་བཤེར། དྲ་རྒྱའི་བདེ་འཇགས། ཆ་འཕྲིན་ཅན་སོགས་ལས་དོན་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཚེས་3ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་བྱིས་པ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་རོགས་སྐྱོབ་དང་། རྩིས་བཤེར། དྲ་རྒྱའི་བདེ་འཇགས། ཆ་འཕྲིན་ཅན་སོགས་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། 

    ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་བསྣམས་ཏེ་འདི་ལོ་ཙུང་ལི་ལི་ཁེ་ཆང་གིས་བོད་དུ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཐོག རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཁག་ཅིག་གཏན་འཁེལ་བྱས་ཡོད།

    ཉེ་ཆར་ཙུང་ལི་ལི་ཁེ་ཆང་གིས་རང་ལྗོངས་ནས་རྒྱལ་ཁབ་ལ་རྒྱབ་སྐྱོར་རོགས་རམ་དང་ཞིབ་འཇུག་ཐག་གཅོད་གནང་རྒྱུའི་རེ་འདུན་ཞུས་པའི་བྱ་བ་འགའ་ཞིག་སྒྲུབ་པའི་གནས་ཚུལ་དང་དེ་བཞིན་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ལས་དོན་སྤེལ་བའི་གནས་ཚུལ་ལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ལྷག་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་གཞིགས་ནས་གོ་སྐབས་ལ་དམ་འཛིན་ནན་པོ་བྱེད་པ་དང་ལས་ཀའི་གསལ་ཐོ་བཟོ་བ། ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། “གཉིས་གཏོད”ལས་དོན་དང་། རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ། ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་ཕོ་བྲང་པོ་ཏ་ལའི་རིག་དངོས(དཔེ་རྙིང་དང་ཚད་ལྡན་ཡིག་ཆ)སྲུང་སྐྱོང་བེད་སྤྱོད་སོགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད། 

    ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་པོ་གནང་སྟེ། ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཟོས་པ་དང་བྱིས་པ་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་རྣམ་གྲངས་རབ་དང་རིམ་པ་བཟོས་པས་བྱིས་པ་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོ་ཐུབ་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། རང་ལྗོངས་ཀྱི་ལྗོངས་བབ་ལ་གཞི་ཚུགས་པ། བྱིས་པ་དབང་པོ་སྐྱོན་ཅན་བདེ་ཐང་རོགས་སྐྱོབ་ཀྱི་ལམ་ལུགས་ཡག་པོ་འཛུགས་པ། འགན་འཁྲི་གསལ་བཟོ་དང་མཉམ་ཤུགས་ཆགས་པར་བྱེད་པ། རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྤེལ་བ་བཅས་བྱས་ཏེ་བྱིས་པ་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་བདེ་ཐང་དྲག་སྐྱེད་ཞབས་ཞུའི་དགོས་མཁོར་སྲུང་སྐྱོང་ནུས་ལྡན་བྱེད་དགོས་ཞེས་བསྟན་པ་རེད། 

    ཚོགས་འདུའི་ཐོག་རྩིས་བཤེར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ནང་ཁུལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་བཞིན་སྲིད་འཛིན་དང་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ་བཅས་བྱས་ནས་རྩིས་བཤེར་གྱི་ལས་དོན་ཁྲིམས་བཞིན་ཡག་པོ་སྒྲུབ་དགོས་ཞེས་བསྟན་པ་རེད། 

    ཚོགས་འདུའི་ཐོག་རང་ལྗོངས་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ཐོན་སྐྱེད་ཀྱི་གཞི་རྒྱུ་ཁ་འཐོར་ཡིན་པས་ངེས་པར་དུ་དྲ་རྒྱའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་ཅན་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། དྲ་རྒྱའི་བདེ་འཇགས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་། དྲ་ཐོག་གི་དྲང་ནུས་རྒྱ་སྟོབས་ཆེ་རུ་གཏོང་བ། “དྲ་སྦྲེལ+སྲིད་དོན་ཞབས་འདེགས”ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གྲངས་འཛིན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་འགན་ལེན་དང་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་གཏོང་དགོས། ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།