[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་ལྗོངས་ཀྱི་གསར་སྤེལ་ཁུལ་དང་གླིང་ཁུལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-04

    ཉིན་ཤས་གོང་ལྗོངས་ཡོངས་ཀྱི་གསར་སྤེལ་ཁུལ་དང་གླིང་ཁུལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་གསར་སྤེལ་ཁུལ(གླིང་ཁུལ)གྱི་ལས་དོན་སྐུལ་འདེད་བཏང་ཚུལ་བརྡ་ཁྱབ་བཏང་བ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསར་སྤེལ་ཁུལ་འཕེལ་རྒྱས་དང་དམངས་གཉེར་དཔལ་འབྱོར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། བསམ་བློར་སྔར་བས་བཅིངས་འགྲོལ་དང་དངོས་སྒྲུབ་ལ་མཐོང་ཆེན། རྒྱུན་མཐུད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གསར་སྤེལ་ཁུལ(གླིང་ཁུལ)སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་། ཀྲང་ཡུང་ཙེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

    ཆེ་དགྲ་ལྷས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར། ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་བཅས་ཀྱི་འོག་བོད་ཀྱི་གསར་སྤེལ་ཁུལ(གླིང་ཁུལ)མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་ཕྱིན་ནས་ད་ཆ་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་རིམ་གྱིས་མངོན་གསལ་དོད་པ་དང་། རྨང་གཞིའི་སྒྲིག་བཀོད་རིམ་གྱིས་འཐུས་ཚང་། དེང་རབས་ཐོན་ལས་མ་ལག་གི་གཞི་ཁྱོན་རགས་ཙམ་ཆགས་པ། སྒོ་དབྱེ་མཉམ་ལས་ཀྱི་སྒྲོམ་གཞི་རྩ་བའི་ཆ་ནས་གྲུབ་པ། དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། གླིང་ཁུལ་གྱིས་རིམ་རྩིས་བྱས་ན་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1032.7ལེགས་གྲུབ་བྱས་པ་དང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཁོ་ནར་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གསར་སྤེལ་ཁུལ་གྱིས་ཁྲལ་འབབ་སྒོར་དུང་ཕྱུར་131ཙམ་འཇལ་ཡོད། དེ་དང་ཆབས་ཅིག གླིང་ཁུལ་གྱིས་ལས་མི་ཧུར་ཐག་བསྡུས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ནུས་པ་ཆེན་པོ་བཏོན་ཡོད་ཅེས་གསུངས། 

    ཆེ་དགྲ་ལྷས་གསར་སྤེལ་ཁུལ(གླིང་ཁུལ)གྱི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བའི་དགོས་མཁོ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་དགོས་མཁོ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་ཀྱི་དགོས་མཁོ་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་བྱས་ཏེ“གཡོ་འགུལ་མི་གཏོང་བ”གཉིས་མཐའ་འཁྱོངས་དང་། དངོས་ཚན་དཔལ་འབྱོར་གྱི་སྟོན་ཕྱོགས་མངོན་པ། སྤྱིའི་དམིགས་ཚད་ལ་གཞིགས་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བླང་བྱར་ནན་པོར་གཞིགས་པ། གཅིག་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། གསར་སྤེལ་ཁུལ(གླིང་ཁུལ)གྱི་ས་ཁོངས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གསར་འཛུགས་ཞིབ་འཐུས་ཁག་གཅིག་བྱེད་པ་དང་། གྲ་སྒྲིག་སྐྱེད་སྲིང་ཁག་གཅིག་བྱེད་པ། རིམ་སྤོར་མཐོར་གཏོང་ཁག་གཅིག་བྱེད་པ། བཟང་སྒྲིག་བསྡུ་སྒྲིལ་ཁག་གཅིག་བྱེད་པ་བཅས་ཀྱིས་གསར་སྤེལ་ཁུལ་གྱི་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་དང་ཐོན་ལས་འགྲན་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་ནས་ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་ལེགས་ཆ“ཐོན་ལས་ཆེན་པོ་བདུན”གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་སྣེ་ཁྲིད་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་། “ཆེ་གསུམ”ཐོན་ལས་གཏན་འགོག་ནན་པོ། ཐོན་ལས་ཀྱི་ཐེག་ནུས་མཐོར་གཏོང་བཅས་བྱས་ཏེ་ཐོན་གྲོང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས་པ། མཉེན་ཆས་མཁྲེགས་ཆས་ཀྱི་ཁོར་ཡུག་བཟང་སྒྲིག་བྱས་ཏེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་དྲ་སྦྲེལ+སྲིད་དོན་ཞབས་འདེགས”ལ་བརྟེན་ནས་སྲིད་དོན་ཞབས་འདེགས་གཅིག་སྡུད་གཉེར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྤུས་ལེགས་ཕན་ཆེ་དང་སྟབས་བདེ་ལ་མྱུར་བའི་ལས་སྒྲུབ་ཁོར་ཡུག་དང་ཁ་དན་ཚིག་གནས་དང་ཁ་གསལ་གོ་རིམ་ལྡན་པའི་ཚོང་གཉེར་ཁོར་ཡུག་གཏོད་དགོས་པ། ཕྱི་ནང་སྒོ་དབྱེའི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཕྱོགས་མང་ནས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞུགས་ཏེ“ཕྱིར་སྐྱོད་པ”དང“ནང་དུ་འདྲེན་ཚད”མང་དུ་གཏོང་དགོས་པ། ཚན་རྩལ་དང་། ཤེས་ལྡན་མི་སྣ། སྲིད་ཇུས་བཅས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གཅིག་སྡུད་བྱེད་དགོས་པ། བློ་ཁོག་ཆེན་པོས་གསར་གཏོད་དང་། འགན་འཁྲི་ཁ་གསལ། མཉམ་ལས་དམ་ཟབ། མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་འགན་འཁུར་གྱིས་འགན་འཁུར་ལ་སྣེ་ཁྲིད་དང་བྱས་རྗེས་ཀྱིས་བྱས་རྗེས་ལ་སྐུལ་འདེད་བཏང་ནས་གསར་སྤེལ་ཁུལ་གྱི་གཞི་ཁྱོན་དང་། རིམ་པ། ཆུ་ཚད་བཅས་དེ་བས་མཐོ་རུ་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།